བལ་ཡུལ་མའོ་ཤོག་ཁའི་དམག་ཁོངས་སུ་ཡོད་པའི་ཕྲུ་གུའི་སྐོར།

རྒྱལ་ཚོགས་ཀྱི་སྐུ་ཚབ་ནས་བལ་ཡུལ་དམག་མིའི་ཁོངས་སུ་ཡོད་པའི་ཕྲུ་གུ་རྣམས་འཕྲད་དུ་རང་ཁྱིམ་དུ་ཕྱིར་སློག་རྒྱུའི་ཆེད་གཞུང་དང་གྲོས་མོལ་གནང་རྒྱུ།

2008.12.02

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དམིགས་བསལ་སྐུ་ཚབ་ཅིག་བལ་ཡུལ་དུ་འཚམས་འདྲིར་ཕེབས་ཡོད་པ་དང་ཁོང་གི་འཚམས་འདྲི་དེའི་རིང་ལ་དེ་སྔོན་བལ་ཡུལ་གྱི་རྒྱལ་བརྒྱུད་རིང་ལུགས་ཀྱི་གཞུང་དང་མའོ་གྱེན་ལོག་ཤོག་ཁག་བར་དམག་འཐབ་བྱེད་པའི་སྐབས་མའོ་གྱེན་ལོག་ཤོག་ཁག་གིས་ཕྲུ་གུ་སྟོང་ཕྲག་མང་པོ་དམག་མིའི་ནང་ཞུགས་སུ་བཅུག་པ་རྣམས་ད་ཆ་ཕྲུ་གུ་དེ་དག་མའོ་དམག་མི་རྙིང་པའི་འཕྲལ་སེལ་སྡོད་སྒར་ཏུ་གནས་མུས་ཡིན་པ་རྣམས་འཕྲལ་དུ་རང་ཁྱིམ་དུ་ཕྱིར་སློག་རྒྱུའི་རང་དབང་སྤྲོད་རྒྱུར་བལ་ཡུལ་གཞུང་བར་གྲོས་མོལ་གནང་རྒྱུའི་འཆར་གཞི་ཡོད་པ་རེད།

ན་ནིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མའོ་གྱེན་ལོག་ཤོག་ཁག་གི་དྲག་པོའི་དམག་ཁོངས་སུ་ཞུགས་པའི་ཕྲུ་གུ་སྟོང་ཕྲག་གསུམ་ཙམ་ཡོད་པའི་བསྡོམས་རྩིས་བཏོན་ཡོད་པ་དང་ཕྱི་ལོ་༢༠༠༦ལོར་མའོ་གྱེན་ལོག་ཤོག་ཁག་དང་བར་བརྒལ་གཞུང་བར་ཞི་བའི་གྲོས་འཆམ་བྱུང་བའི་རྗེས་དམག་འཐབ་མཚམས་འཇོག་བྱས་ཏེ་མའོ་གྱེན་ལོག་ཤོག་ཁག་གི་དམག་མི་རྣམས་འཕྲལ་སེལ་སྡོད་སྒར་ཏུ་གོ་སྒྲིག་བྱས་པ་བཞིན་ཕྲུ་གུ་དེ་རྣམས་ཀྱང་མུ་མཐུད་དམག་མིའི་སྡོད་སྒར་དུ་གནས་བཞིན་ཡོད་པར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྲུ་གུའི་བདེ་དོན་དང་དྲག་པོའི་དཀའ་རྙོགས་སེལ་ཐབས་གནང་མཁན་གྱི་ཚན་པའི་སྤྱི་ཁྱབ་དྲུང་ཆེ་ལྕམ་ར་རྡི་ཀ་ཁུམ་ར་ས་ལྦ་མི་ཡིས་རེས་གཟའ་ཟླ་བ་ནས་གཟའ་འཁོར་གཅིག་རིང་བལ་ཡུལ་དུ་འཚམས་འདྲི་གནང་རྒྱུའི་རིང་ལ་ཕྲུ་གུའི་ཐོག་དྲག་པོའི་དམག་འཐབ་ཀྱི་ཤུགས་རྐྱེན་མེད་པ་བཟོ་རྒྱུ་དང་ལྷག་པར་དུ་དེ་སྔའི་མའོ་གྱེན་ལོག་ཤོག་ཁག་གི་དམག་ཁོངས་སུ་ཞུགས་པའི་ཕྲུ་གུ་རྣམས་ལ་རང་དབང་སྤྲོད་རྒྱུ་དང་ད་ལྟ་ཡང་ཕྲུ་གུ་མང་པོ་ཞིག་དྲག་པོའི་ཤོག་ཁག་ནང་བེད་སྤྱོད་གཏོང་བཞིན་པའི་གནས་སྟངས་དང་ཕྲུ་གུ་དེ་དག་ཆབ་སྲིད་ཀྱི་དྲག་པོའི་ལས་འགུལ་ནང་ཞུགས་སུ་བཅུག་པའི་གནད་དོན་དེ་དག་ཐོག་ཐག་གཅོད་ཡོང་ཐབས་འབད་བརྩོན་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎