བོད་ཀྱི་འབྲོག་པར་འཛིན་པའི་རྒྱ་ནག་གི་སྲིད་ཇུས།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ནས་བོད་ཀྱི་འབྲོག་པའི་ཐོག་འཛིན་པའི་སྲིད་བྱུས་དེར་བསྐྱར་ཞིབ་གནང་དགོས་པའི་འབོད་བསྐུལ།

2010.12.28

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ནས་བོད་ཀྱི་འབྲོག་པའི་ཐོག་འཛིན་པའི་སྲིད་བྱུས་དེར་བསྐྱར་ཞིབ་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཨོ་ལི་ལྦར་ཤུ་ཀྲར་ཡིས་རྒྱ་ནག་གཞུང་ནས་བོད་དང་ནང་སོག་གི་འབྲོག་པའི་ཐོག་འཛིན་པའི་སྲིད་བྱུས་དེར་བསྐྱར་ཞིབ་གནང་ནས་འབྲོག་པ་རྣམས་རང་གི་སྒོ་ཕྱུགས་སེམས་ཅན་རྣམས་ཚོང་བསྒྱུར་བྱས་ནས་གཞིས་སྤོས་བྱེད་རྒྱུ་ལས་མ་འདས་པའི་གནས་སྟངས་དེ་མ་བྱུང་བ་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་             འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཤུ་ཀྲར་ཡིས་བོད་དང་ནང་སོག་གི་འབྲོག་པ་རྣམས་ལ་རྒྱ་ནག་གཞུང་གིས་སྒོ་ཕྱུགས་སེམས་ཅན་རྩྭ་ཁའི་ཐོག་ཚད་འཛིན་དང་དམ་བསྒྲགས་དང་སྒོ་ཕྱུགས་སེམས་ཅན་གསོད་དགོས་པའི་བཙན་བཀའ་བཏང་ཡོད་པ་ཁོང་གི་སྙན་ཐོ་དེའི་ནང་བཀོད་ཡོད་པ་རེད་        

ཡང་ཁོང་གི་སྙན་ཐོ་དེའི་ནང་བོད་དང་ནང་སོག་གི་འབྲོག་སའི་རྩྭ་ཁའི་ཐོག་ཉམ་ཉེས་ཕྱིན་ཡོད་ནའང་འབྲོག་པ་རྣམས་རང་གི་ཕ་མེས་པའི་འབྲོག་ལས་བཞག་ཏེ་སྡོད་སྒར་ཁག་ནང་གཞིས་སྤོས་བྱེད་དགོས་པའི་གནས་སྟངས་དེ་མ་འབྱུང་བ་གནང་དགོས་པའི་སྐོར་སྙན་ཐོ་དེའི་ནང་བཀོད་ཡོད་པ་རེད་ ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཀྱིས་རྒྱལ་ཚོགས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་རྣམ་པའི་དཔལ་འབྱོར་དང་སྤྱི་ཚོགས་ རིག་གཞུང་གི་ཐོབ་ཐང་གི་ཁྲིམས་དོན་ནང་ཁོང་ཚོའི་འཚོ་ཐབས་རྩ་མེད་བཟོ་ཆོག་གི་མེད་པ་བཀོད་ཡོད་པ་མ་ཟད་ཕྱི་ལོ་༡༩༩༢ལོར་བཞག་གནང་བའི་རྒྱལ་སྤྱིའི་ཁྲིམས་ཡིག་དེའི་ནང་ས་སྐྱེས་རྡོ་སྐྱེས་མི་རིགས་རྣམས་ཀྱིས་ས་ཁུལ་གྱི་འཁོར་ཡུག་ཐོག་ཕན་རླབས་བྱེད་ཀྱི་ཡོད་པ་དེ་ངོས་ལེན་གྱིས་རྒྱ་གཞུང་ནས་ཁྲིམས་དོན་དེར་ས་རྟགས་བཀོད་ཡོད་སྐོར་གསུངས་འདུག             བཙན་བྱོལ་བོད་གཞུང་གི་འཁོར་ཡུག་ཉམས་ཞིབ་ཁང་གིས་གོང་ཞུས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་དེས་རྒྱ་གཞུང་གིས་བོད་ཀྱི་འབྲོག་པའི་ཐོག་འཛིན་པའི་སྲིད་བྱུས་དེ་ལམ་ལྷོང་ལྡན་པ་ཞིག་ཡོང་གི་མེད་པ་ར་འཕྲོད་བྱུང་ཡོད་སྐོིར་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎