བལ་ཡུལ་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་སྐོར།

བལ་ཡུལ་ནང་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་སླར་ཡང་ཟླ་བ་དྲུག་རིང་མུ་མཐུད་གནས་རྒྱུའི་དུས་འགྱངས་གནང་བ།

2009.07.24

༄༅༎བལ་ཡུལ་ནང་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱི་དུས་བཀག་ཡོལ་ཟིན་ཡོད་ནའང་རེས་གཟའ་ཕུར་བུའི་ཉིན་སླར་ཡང་ཟླ་བ་དྲུག་རིང་མུ་མཐུད་གནས་རྒྱུའི་དུས་འགྱངས་གནང་ཡོད་པ་རེད།

ཡིན་ནའང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱིས་བལ་པོའི་གཞུང་ནས་ཞི་བའི་ལས་དོན་བསྐྱར་གསོ་བྱས་ཏེ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཕྱི་ལོ་ཉིས་སྟོང་བཅུའི་ཕྱི་ཟླ་དང་པོ་བར་གནས་ཐུབ་པའི་འབད་བརྩོན་བྱ་དགོས་པའི་འབོད་སྐུལ་གནང་ཡོད་ཅིང་རྩ་བའི་དེ་སྔ་མི་ལོ་བཅུ་ལྷག་རིང་གི་བལ་ཡུལ་རྒྱལ་རྒྱུད་རིང་ལུགས་ཀྱི་གཞུང་དང་མའོ་གྱེན་ལོག་ཤོག་ཁག་བར་གྱི་རྒྱལ་ནང་དམག་འཁྲུག་དེ་ནི་ཕྱི་ལོ་ཉིས་སྟོང་དྲུག་ལོར་ཞི་བའི་གྲོས་མོལ་འོག་མཇུག་སྒྲིལ་བའི་རྗེས་མའོ་གྱེན་ལོག་ཤོག་ཁག་དང་བལ་པོའི་གཞུང་བར་གྱི་ཞི་བའི་ལས་དོན་ཐོག་རྟོགས་ཞིབ་གནང་རྒྱུ་མ་ཟད་མའོ་གྱེན་ལོག་ཤོག་ཁག་གི་གོ་མཚོན་རྣམས་རྩོས་སྤྲོད་བྱེད་མིན་དཀའ་རྙོག་ཐོག་རྟོག་ཞིབ་གནང་བཞིན་ཡོད་པ་རེད།

ཡིན་ནའང་ཉེ་ཆར་བལ་ཡུལ་གྱི་དམག་སྤྱི་ཆེན་མོ་གོ་གནས་ནས་གནས་དབྱུངས་གཏོང་མིན་གྱི་རྩོད་གཞིའི་གནས་སྟངས་འོག་ཕྱི་ཟླ་ལྔ་པའི་ནང་མའོ་གྱེན་ལོག་ཤོག་ཁག་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་མནའ་འབྲེལ་གྱི་གཞུང་ནས་ཕྱིར་འཐེན་བྱས་པའི་རྗེས་སླར་ཡང་བལ་ཡུལ་ནང་ཆབ་སྲིད་ཀྱི་དཀའ་ངལ་ཅན་ཏུ་གྱུར་ཡོད་པ་དང་ཆབས་ཅིག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་སྐུ་ཚབ་རྣམས་ཟླ་བ་འདིའི་ནང་དུས་བཀག་ཡོལ་ཟིན་ཡོད་ནའང་བལ་ཡུལ་ཕྱོགས་ནས་མུ་མཐུད་ཞུགས་རྒྱུའི་དུས་འགྱངས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པར་བརྟེན་རེས་གཟའ་ཕུར་བུའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་ཁོང་ཚོའི་སྐུ་ཚབ་རྣམས་ཕྱི་ལོ་ཉིས་སྟོང་བཅུའི་ཕྱི་ཟླ་དང་པོ་བར་ཟླ་དྲུག་བསྐྱར་ཏུ་དུས་འགྱངས་གནང་རྒྱུའི་གྲོས་ཆོད་ལ་བཀའ་ཁྲོལ་གནང་བ་མ་ཟད་སྐུ་ཚབ་རྣམས་ཀྱིས་བལ་ཡུལ་ནང་གི་ལས་དོན་རྣམས་དུས་ཚོད་དེའི་རིང་ཆ་ཚང་བ་ལེགས་གྲུབ་ཡོང་ཐབས་ལ་བལ་ཡུལ་གཞུང་ཕྱོགས་ནས་ཕྱ་གྲུ་མཉམ་འདེགས་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎