རྒྱལ་ཚོགས་ཀྱི་དྲུང་ཆེས་རྒྱ་ནག་ལྷན་འབར་མའི་ཐོག་གླེང་བ།

དྲུང་ཆེ་མུན་མཆོག་གིས་ལྕམ་ཨན་སན་སུ་ཅི་གློད་འགྲོལ་ཆེད་རྒྱ་ནག་གཞུང་གིས་འབར་མར་གནོན་ཤུགས་སྤྲོད་དགོས་པའི་སྐུལ་དེད་ཞུས་པ།

2010.10.31

༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་གིས་འབར་མའི་འོས་བསྡུའི་གོང་དུ་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཨན་སན་སུ་ཅི་མཆོག་བཟང་བཙོན་ནས་གློད་འགྲོལ་ཆེད་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་དགོས་པའི་སྐུལ་དེད་ཞུ་གནང་ཡོད་འདུག༎

ཧྲང་ཧའི་ནང་འཛམ་གླི་ཚོང་དོན་འགྲེམས་སྟོན་མཇུག་སྒྲིལ་གྱི་མཛད་སྒོར་མ་ཕེབས་གོང་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཇེ་ཁྲི་མཇལ་འཕྲད་ཀྱིས་རྩོད་གླེང་ཅན་གྱི་འབར་མའི་རྒྱལ་ཡོངས་བསྡུའི་སྐོར་ནང་མོལ་གནང་ཡོད་པ་མ་ཟད་ འོས་བསྡུའི་སྔ་རོལ་དུ་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་དང་ནོ་བེལ་ཞེ་བདེའི་གཟེངས་རྟགས་བཞེས་མཁན་ཨང་སན་སུ་ཅུ་མཆོག་བཟང་བཙོན་ནང་གློད་འགྲོལ་རྒྱུར་འབར་མའི་དྲག་པོའི་གཞུང་ལ་གནོན་ཤུགས་སྤྲོད་དགོས་སྐོར་བཀའ་བསྡུར་གནང་ཡོད་ལུགས་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཨེཕ་པི་གསར་ལས་ཁང་ལ་འགྲེལ་བརྗོད་གནང་ཡོད་འདུག། འོས་བསྡུ་ཕྱི་ཟླ་བཅུ་གཅིག་གི་ཚེས་བདུན་ཉིན་གནང་གཏན་འཁེལ་ཡོད་རེད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་དང་དམངས་གཙོ་དོན་གཉེར་བ་ཚོས་ འོས་བསྡུ་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྲལ་ཡོད་ལུགས་སྐྱོན་བརྗོད་བྱེད་བཞིན་པ་རེད། རྒྱ་ནག་འབར་མའི་ཕྱོགས་གཏོགས་ཉེ་ཤོས་དེ་ཡིན་པ་དང་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་གཏན་འཇགས་དང་དབང་ཆ་ཆེ་བའི་རྒྱལ་ཁབ་ལྔའི་གྲས་ཡིན་པར་བརྟེན་ད་བར་འབར་མའི་དྲག་པོའི་གཞུང་དང་གོ་མཚོན་ལག་ཆའི་ཚོང་འབྲེལ་དང་རོགས་སྐྱོར་སོགས་ཀྱི་ལམ་ནས་རྒྱལ་སྤྱིའི་གནོན་ཞུགས་ནུས་མེད་གཏོང་མུས་ཡིན་པ་རེད། རྒྱལ་ཚོགས་ཀྱི་དྲུང་ཆེས་འདི་ལོའི་ནོ་བེལ་ཞི་བདེའི་བྱ་དགའ་རྒྱ་རིགས་ལིའུ་ཤའོ་ཕུའུར་གནང་བ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་པའི་ཐད་འགྲེལ་བརྗོད་མི་འདུག་ཀྱང་ བྱ་དགའ་དེའི་ཐོག་ནས་རྒྱ་ནག་ནང་འགྲོ་བ་མིའི་ཐང་ཐང་གི་གནས་སྟངས་ཐད་རྒྱལ་སྤྱིའི་ནང་བློ་འཚབ་ཡོད་པ་མཚོན་ཐུབ་ཀྱི་རེད་ཅེས་གསུངས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎