དབྱིན་ཡུལ་གྲོས་ཚོཌ་འཐུས་མིས་རྡ་སར་འཚམས་གཟིགས།

དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་སྐུ་ཚབ་འཐུས་མི་ཚོས་བཞུགས་སྒར་དུ་ཕེབས་པའི་མྱོང་ཚོར་སྐོར་གསར་འགོད་གསལ་བསྒྲགས།

2011.10.07

༄༅༎བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་པའི་དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་སྐུ་ཚབ་འཐུས་མི་ཚོས་བཞུགས་སྒར་དུ་ཕེབས་པའི་མྱོང་ཚོར་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྐོང་ཚོགས་གནང་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་མིའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
གསར་འགོད་གསལ་བསྒྲགས་ཀྱི་འདུ་འཛོམས་དེའི་ཐོག་ཕྱི་ནང་གི་གསར་འགོད་པ་༢༠ལྷག་ཕེབས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང༌། དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་མཉམ་ཞུགས་གནང་ཡོད་ཅིང༌། དབྱིན་ཡུལ་ནས་འཚམས་འདྲིར་ཕེབས་པའི་སྐུ་ཚབ་ཚོགས་པ་དེའི་ནང་དུ་དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ལྔ་དང༌། བོད་ཀྱི་ཚོགས་པ་ཞེས་པ་ནས་སྐུ་ཚབ་གཉིས་ཕེབས་ཡོད་པ་རེད། སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསར་འགོད་ལྷན་ཚོགས་དེའི་ཐོག་གསུང་བཤད་གནང་བའི་ནང༌། བོད་དོན་རྒྱབ་སྐྱོར་བ་སྐུ་ཚབ་རྣམ་པ་ངོ་སྤྲོད་གནང་བ་དང་སྦྲགས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་དང༌བཀའ་ཤག  ཕྱི་དྲིལ་ལས་ཁུངས་བཅས་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ནང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི་རྣམས་བཞུགས་སྒར་དུ་གདན་ཞུ་གནང་སྟེ། བོད་ཀྱི་གནད་དོན་ཐོག་གོ་བསྡུར་གནང་རྒྱུའི་ལས་དོན་གནང་བཞིན་ཡོད་པ་ནི། ཉིན་ཤས་གོང་དེར་ཉི་ཧོང་གི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་སྐུ་ཚབ་གཉིས་དབུས་པའི་སྐུ་ཚབ་ཁག་ཅིག་བཞུགས་སྒར་དུ་ཕེབས་ཡོད་པ་དང༌། དེ་བཞིན་དུ་ཕྱི་ཟླ་དགུ་པའི་ཟླ་མཇུག་དང་བཅུ་པའི་མགོ་སྟོད་དུ་ཨི་ཊ་ལའི་གྲོས་ཚོགས་ཀྱི་འཐུས་མི་གསུམ་དང༌། བོད་པའི་གྲོགས་པོ་ཁག་ཅིག ཀྱང་ད་རེས་དབྱིན་ཡུལ་གྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་སྐུ་ཚབ་ལྔ་ཕེབས་ཡོད་ཅིང༌། དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་དབར་གྲོས་ཚོགས་ཀྱི་འཐུས་མི་འགྲོ་འོང་གི་ལས་གཞི་དེ་༢༠༠༦ ནས་འགོ་བཙུགས་ཡོད་པའི་ངོ་སྤྲོད་གནང་ཡོད་པ་རེད། དེ་ནས་དབྱིན་ཡུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས། ད་རེས་བཞུགས་སྒར་དུ་ཕེབས་ཏེ་སྣེ་ལེན་གཟབ་རྒྱས་གནང་བ་ཐུགས་རྗེ་ཆེ་གསུང་བ་མ་ཟད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཐོབ་པ་དེ་ནི་གནད་དོན་གལ་འགངས་ཆེན་པོ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་ཅེས་དང༌། ཁོང་ནི་༢༠༠༧ ལོར་༧གོང་ས་མཆོག་མཇལ་ཁ་དམིགས་བསལ་ཐོབ་ཏེ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བ་ནས་འགྱུར་ལྡོག་ཆེན་པོ་བྱུང་བ་དང༌། ད་རེས་སླར་ཡང་མཇལ་ཁའི་གོ་སྐབས་ཐོབ་ཏེ་བཀའ་མོལ་ཞུ་རྒྱུ་བྱུང་བའི་ནང༌། གཙོ་བོ་དོན་ཚན་གཉིས་ཡིན་ཞིང༌། བོད་ནང་གི་བོད་རིགས་སློབ་ཕྲུག་རྣམས་ལ་དབྱིན་ཇིའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་ཆེད་སློབ་ཡོན་རོགས་རམ་གནང་རྒྱུའི་སྐོར་དང༌། གཉིས་པ། རྒྱ་ནག་མི་དམངས་དང་འབྲེལ་བ་བྱས་ཏེ་འདས་ཟིན་པའི་བོད་ཀྱི་གནས་སྟངས་རྣམས་རྒྱ་ནག་མི་དམངས་ཚོར་གོ་རྟོགས་སྤེལ་རྒྱུའི་ལས་དོན་ཐོག་བཀའ་བསྡུར་ཞུས་པ་ཡིན་ཞེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎