རྒྱ་གར་དུ་བོད་པའི་སུད་ཊར་ཁྲོམ་ས་༡༣ལ་མེ་སྐྱོན་བྱུང་བ།

ཉེ་ཆར་རྒྱ་གར་གྱི་ར་ཇ་སི་ཐན་མངའ་སྡེའི་ནང་དུ་བོད་པའི་སུད་ཀྲར་ཁྲོམ་ས་༡༣མེ་སྐྱོན་ཚབས་ཆེ་བྱུང་སྟེ་དཔལ་འབྱོར་གྱི་གྱོང་རྒུད་ཆེན་པོ་བྱུང་བ།

2011.01.07

༄༅༎ཉེ་ཆར་རྒྱ་གར་གྱི་ར་ཇ་སི་ཐན་མངའ་སྡེའི་ནང་དུ་བོད་པའི་སུད་ཀྲར་ཁྲོམ་ས་༡༣མེ་སྐྱོན་ཚབས་ཆེ་བྱུང་སྟེ། དངོས་ཟོག་གཅིག་ཀྱང་ལག་པར་ལེན་རྒྱུ་མེད་པར་དཔལ་འབྱོར་གྱི་གྱོང་རྒུད་ཆེན་པོ་བྱུང་ཡོད་པའི་གནས་ཚུལ་ཐོན་བཞག

དེ་རིང་རེས་གཟའ་པ་སངས་ཉིན་བཙན་བྱོལ་བོད་གཞུང་གི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་གར་གྱི་ར་ཇ་སི་ཐན་མངའ་སྡེའི་ནང་གི་ཤྲི་གང་ག་ན་གར་ཞེས་པའི་ས་གནས་སུ་དགུན་ཁ་སུད་ཀྲར་ཚོང་མཁན་གྱི་བོད་པའི་ཁྲོམ་ས་༧༥ཙམ་ཡོད་པ་དང༌། ༢༠༡༠ལོའི་ཕྱི་ཟླ་༡༢པའི་ཚེས་༣༠ཉིན་གྱི་སྔ་དྲོའི་ཚོུད་༧ཙམ་ལ་གློག་གིས་རྐྱེན་པས་མེ་སྐྱོན་ཚབས་ཆེ་བྱུང་སྟེ། སུད་ཀྲར་ཁྲོམ་ར་༡༣དངོས་ཟོག་རྩ་མེད་དུ་ཕྱིན་ཏེ་ཚོང་གི་མ་གནས་རྒྱ་གར་སྒོར་མོ་འབུམ་༤༥གྱོང་རྒུད་ཕྱིན་ཡོད་པ་རེད། དེར་བརྟེན་དེ་གའི་སུད་ཀྲར་སྐྱིད་སྡུག་ཚོགས་པ་དང༌། བཙན་བྱོལ་བོད་མིའི་ཚོང་ལས་མཐུན་ཚོགས་མཉམ་རུབ་ཀྱིས་དོན་རྐྱེན་དེའི་སྐོར་བཙན་བྱོལ་བོད་གཞུང་གི་ནང་སྲིད་ལས་ཁུངས་སུ་སྙན་གསེང་ཞུས་པ་དང༌། ནང་སྲིད་ལས་ཁུངས་ནས་དཔལ་འབྱོར་གྱི་རོགས་རམ་གནང་མཁན་ཡོད་རིགས་ལ། ནང་སྲིད་ལས་ཁུངས་སུ་འབྲེལ་བ་ཞུ་དགོས་པའི་གསལ་བསྒྲགས་གནང་ཡོད་པ་རེད།

བཙན་བྱོལ་བོད་མིའི་སྐྱབས་བཅོལ་བའི་ཚོང་ལས་མཐུན་ཚོགས་དེ་ནི་ཕྱི་ལོ་༢༠༠༦ལོའི་ཕྱི་ཟླ་བརྒྱད་པའི་ཚེས་༡༡དང་༡༢ཉིན་བར་ཉིན་གཉིས་རིང་བོད་མི་སུད་ཀྲར་ཚོང་ལས་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོ་ཚོགས་པའི་སྐབས་གསར་འཛུགས་གནང་བ་དང༌། ལྷན་ཚོགས་དེ་ནི་བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁང་གིས་གོ་སྒྲིག་གནང་བ་ཞིག་དང༌། དེའི་ནང་དུ་རྒྱ་གར་རྒྱལ་ཡོངས་སུ་ཡོད་པའི་བོད་མི་སུད་ཀྲར་ཚོང་ལས་གཉེར་མཁན་གྱི་མཐུན་ཚོགས་མི་འདྲ་བ་ཁག་༦༩ནས་སྐུ་ཚབ་༩༨ཙམ་མཉམ་ཞུགས་བྱས་ཡོད་པ་རེད། ཚོང་ལས་མཐུན་ཚོགས་དེའི་ནང་རྒྱུན་ལས་ཚོགས་མི་༡༥ཡོད་པ་དང༌། ཁོང་ཚོའི་ལས་འགན་གཙོ་བོ་ནི་ལོ་གཉིས་རེའི་ཐོག་ཚོང་ལས་མཐུན་ཚོགས་ཀྱི་ཚོགས་འདུ་གོ་སྒྲིག་གནང་རྒྱུ་དང༌། ཚོགས་མི་གསར་པ་ཉུང་མཐར་བདུན་ནས་བཅོ་ལྔ་བར་འོས་འདེམས་བྱ་རྒྱུ། ཁོང་ཚོའི་ལས་ཡུན་གྱི་ལོ་དུས་ནི་ལོ་གསུམ་རེ་ཡིན་པ་དང༌། ད་དུང་མཐུན་ཚོགས་དེའི་ཐོག་ནས་སུད་ཀྲར་ཚོང་པ་ཚོར་ཚོང་གི་ལས་དོན་ཁག་དུས་ཚོད་དུ་མཁོ་སྤྲོད་བྱ་རྒྱུ་དང༌། དཔྱ་ཁྲལ་ཁྲིམས་ལུགས་སོགས་ཚོང་ལས་དང་འབྲེལ་བའི་གནས་ཚུལ་ཁག་དུས་ཐོག་ཏུ་མཁོ་སྤྲོད་བྱ་ཐུབ་རྒྱུར་ཕན་ཐོག་ཡོང་བའི་དམིགས་ཡུལ་བཅངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎