ཀྲོའུ་ཡོན་ཁང་དང་འབྲེལ་ཡོད་དཔོན་རིགས་གཉིས་ལ་ཉེས་འཛུགས།


2015.03.19
རྒྱ་ནག་གི་བདེ་འཇགས་འགན་འཛིན་ཟུར་པ་ཀྲོའུ་ཡོན་ཁང་གི་པར་རྙིང་ཞིག ༢༠༡༡ རྒྱ་ནག་གི་བདེ་འཇགས་འགན་འཛིན་ཟུར་པ་ཀྲོའུ་ཡོན་ཁང་གི་པར་རྙིང་ཞིག ༢༠༡༡
པར། IC

རྒྱ་ནག་གིས་ཀྲོའུ་ཡོན་ཁང་དང་འབྲེལ་ཐག་ཉེ་བའི་དཔོན་རིགས་གཉིས་ལ་དངོས་སུ་ལྐོག་ཟའི་ཉེས་འཛུགས་བྱས་འདུག
དེ་ཡང་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པ་ཞིག་གི་གསལ་བསྒྲགས་གནང་བ་ལྟར་ན། རྒྱ་ནག་གི་བདེ་འཇགས་ཉེན་སྲུང་ལྷན་ཁང་གི་སྤྱི་ཁྱབ་འགོ་ཁྲིད་ཟུར་པ་Zhou Yongkangདང་འབྲེལ་ཐག་ཉེ་པོ་ཡོད་པའི་དཔོན་རིགས་གཉིས་ཀྱི་ཐོག་རྒྱ་ནག་གཞུང་གིས་འདི་ཚེས་༡༩ཉིན་དངོས་སུ་ལྐོག་ཟའི་ཉེས་འཛུགས་བྱས་ཡོད་པ་དང་། ལྐོག་ཟའི་ཉེས་འཛུགས་ཕོག་མཁན་གྱི་དཔོན་རིགས་གཉིས་པོ་ནི། རྒྱ་ནག་གཞུང་གི་བདག་དབང་འོག་ཡོད་པའི་ཁེ་གཉེར་ཚན་པའི་འགན་འཛིན་ཟུར་པ་Jiang Jiemenཟེར་བ་དང༌། ཟི་ཁྲོན་ཞིང་ཆེན་ནང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མཐོ་གྲས་བྱས་མྱོང་ཡོད་པ་ Li Chunchengཟེར་བ་གཉིས་ཡིན་པ་དང༌། ད་ལྟའི་ཆར་ཁོ་གཉིས་ཀྱི་ཐོག་ཉེས་འཛུགས་བྱས་པ་ཙམ་ལས་། གྱོད་གཞི་འདིའི་ཐད་དངོས་སུ་ཁྲིམས་བཤེར་ག་དུས་བྱེད་འཆར་ཡོད་མིན་གྱི་དུས་ཚོད་ཁ་གསལ་གཏན་འབེབས་བྱས་མེད་ཀྱང༌། གྱོད་གཞི་འདིའི་ཐོག་ཁྲིམས་བཤེར་བྱེད་པའི་སྐབས་འདི་ཚེས་༡༩ཉིན་ཉེས་འཛུགས་བྱས་པའི་Jiang Jiemenདང༌། Li Chunchengགཉིས་ཙམ་མ་ཟད། རྒྱ་ནག་ཀྱི་བདེ་འཇགས་ཉེན་སྲུང་ལྷན་ཁང་གི་འགོ་འཁྲིད་ཟུར་པ་Zhou Yongkangཡང་ཁྲིམས་ཁང་དུ་བཀའ་འགུག་བྱེད་སྲིད་ཀྱི་ཡོད་པ་རེད།
རྒྱ་ནག་བདེ་འཇགས་ཉེན་སྲུང་ལྷན་ཁང་གི་འགན་འཛིན་ཟུར་པYongkangནི་སྲིད་འཛིན་ Xi Jinpingགྱིས་དབང་འཛིན་འོག ལྐོག་ཟའི་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་པའི་རྒྱ་ནག་གི་དཔོན་རིགས་མཐོ་ཤོས་ཆགས་ཀྱི་ཡོད་པ་དང༌། ཁོང་གི་ཐོག་ལྐོག་ཟ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པའི་ཉེས་འཛུགས་འོག ཕྱི་ལོ་༢༠༡༤ལོའི་ཕྱི་ཟླ་༡༢་པའི་ནང་འཛིན་བཟུང་དང་སྦྲགས་དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་ནས་ཕྱིར་འབུད་བཏང་བའི་གསལ་བསྒྲགས་བྱས་པ་ནས་བཟུང་ད་བར་དོ་དམ་བཀག་ཉར་འོག་བཞག་ཡོད་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎