བལ་ཡུལ་ནང་བོད་པའི་བེུད་བཙན་གཡེམ་མཚམས་འཇོག་དགོས།

བལ་ཡུལ་ནང་བོད་པའི་བེུད་ཚོ་འཛིན་བཟུང་དོ་དམ་སྐབས་བཙན་གཡེམ་གཏོང་མཚམས་འཇོག་དགོས་པའི་དགོས་འདུན་བསྟོན་གནང་འདུག

2011.07.13

༄༅༎བཙན་བྱོལ་ནང་གི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བལ་ཡུལ་ཉེན་རྟོག་པས་བལ་ཡུལ་ནང་བོད་ནས་བྲོས་བྱོལ་ལ་ཕེབས་མཁན་བོད་པའི་བུད་མེད་ཚོ་འཛིན་བཟུང་དོ་དམ་སྐབས་བཙན་གཡེམ་གཏོང་མཚམས་འཇོག་དགོས་པའི་དགོས་འདུན་བསྟོན་གནང་འདུག།

ཁ་ས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ནིའུ་ཡོཀ་དུ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་ཕྱོགས་ལྷུང་མཚམས་འཇོགས་ཀྱི་ལྷན་ཚོགས་ཐེངས་༤༩པའི་ཐོག། བལ་ཡུལ་ནང་བོད་པའི་བུད་མེད་ཚོར་བལ་པོའི་ཉེན་རྟོག་པས་གང་བྱུང་བཙན་གཡེམ་བྱེད་ཀྱི་ཡོད་པའི་ཞུ་སྙན་ཞིག་ཕུལ་གནང་བཞག། ཤོག་གྲངས་༡༠བྱས་པའི་ཞུ་སྙན་དེའི་ནང༌གི་ཞུ་དོན་གཙོ་བོ་དེ་ བལ་པོའི་ཉེན་རྟོག་པས་འཛིན་བཟུང་སྐབས་ལྷག་པར་དུ་བོད་པའི་བུད་མེད་ཚོར་ལྟ་སྟངས་དང་སྐྱོངས་ཚུལ་ཡག་པོ་མེད་པ་སོགས་ བལ་ཡུལ་ནང་བོད་པའི་བུད་མེད་སྐྱབས་གཅོལ་བ་ཚོའི་ཐོབ་ཐང་ལ་བརྩི་སྐུར་ཙ་བ་ནས་བྱེད་ཀྱི་མེད་པའི་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་གནང་ཡོད་པ་རེད། དེ་བཞིན་ བུད་མེད་ལ་དབྱེ་འབྱེད་ཕྱོགས་ལྷུང་མཚམས་འཇོག་བྱ་རྒྱུའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུར་ཕུལ་བའི་ཞུ་སྙན་དེའི་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ བལ་ཡུལ་གཞུང་ཕྱོགས་ནས་བྲོས་བྱོལ་ལ་ཕེབས་མཁན་བོད་མི་ཚོ་ས་མཚམས་ཁུལ་འཇུ་བཟུང་གིས་རང་ཡུལ་ཕྱིར་ལོག་བཏང་གི་ཡོད་པར་སྐྱོན་བརྗོད་དང་འབྲེལ། བལ་ཡུལ་གཞུང་གིས་ལག་བསྟར་གནང་དགོས་པའི་སློབ་སྟོན་ཁག་བཞི་གནང་འདུག། སློབ་སྟོན་དེ་ཚོའི་ནང་ བལ་ཡུལ་གཞུང་གིས་ཉེན་རྟོག་དཔོན་རིགས་ཚོར་ཞི་བའི་ངོ་རྒོལ་གནང་མཁན་བོད་པའི་བུད་མེད་ཐོག་ཚུལ་མིན་བྱ་སྤྱོད་རིགས་མཚམས་འཇོག་དང་འབྲེལ་ངོ་རྒོལ་བྱེད་མཁན་བོད་པའི་བུད་མེད་ལ་བལ་པོའི་ཉེན་རྟོག་པས་བཙན་གཡེམ་བཏང་བའི་གྱོད་གཞི་ཁག་ལ་རྟོག་ཞིབ་མཐིལ་ཕྱིན་པ་གནང་དགོས་རྒྱུའི་དགོས་འདུན་ཀྱང་བཏོན་གནང་འདུག།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་ རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ལ་ཕུལ་བའི་ཞུ་སྙན་དེའི་ནང༌། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང༌། རྒྱལ་ཚོགས་ཀྱི་བུད་མེད་ཐོག་དབྱེ་འབྱེད་མཚམས་འཇོག་གི་ལྷན་ཚོགས་གཉིས་ནས་ བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་གནང་བའི་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎