རྒྱ་གཞུང་གིས་དྲག་གནོན་མཚམས་འཇོག་ཡོང་ཐབས་རེ་སྐུལ།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་ནང་རྒྱ་གཞུང་གིས་དྲག་གནོན་མཚམས་འཇོག་ཡོང་ཐབས་སུ་འཛམ་གླིང་ཡུལ་ཁག་ཚོར་སྐུལ་མ་ཞུས་འདུག

2011.04.25

༄༅༎བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ བོད་མདོ་སྨད་རྔ་པ་ཁུལ་དང་ཀིརྟི་དགོན་པའི་ནང་རྒྱ་གཞུང་གིས་དྲག་གནོན་མཚམས་འཇོག་ཡོང་ཐབས་སུ་འཛམ་གླིང་ཡུལ་ཁག་ཚོས་རྒྱབ་སྐྱོར་རོགས་རམ་གནང་དགོས་པའི་སྐུལ་མ་ཞུས་འདུག།

ཁ་ས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་མེཀ་ལོཌ་ཁྲོམ་གཞུང་བར་དགེ་འདུན་པ་དང་བཙུན་མ། བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་བཅས་མི་མང་ཆིག་སྟོང་བརྒལ་བས་ རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་པ་ཁུལ་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པར་ངོ་རྒོལ་སྐད་འབོད་གནང་ཡོད་ཅིང༌། སྐད་འབོད་སྐབས་ འཛམ་གླིང་མི་མང་ང་ཚོའི་རྒྱབ་ཏུ་ལོངས་ཤོག། ང་ཚོར་རང་དབང་དགོས་ཞེས་འབོད་ཚིག་བསྒྲོགས་བཞིན་ཁྲོམ་སྐོར་གནང་འདུག།

དེ་ཡང་རྒྱ་གར་གསར་ཤོག་རྒྱ་གར་གྱི་དུས་བབ་The Times of Indiaནང་གནས་ཚུལ་སྤེལ་བར་གཞིགས་ན། སྐད་འབོད་རྗེས་  མེཀ་ལོཌ་ཁྲོམ་གཞུང་དུ་མང་ཚོགས་འདུས་པའི་དབུས་སུ་ བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་ རྒྱ་ནག་གཞུང་གིས་ བོད་རྔ་པ་ཁུལ་དང་ཀིརྟི་དགོན་པའི་ཐོག་དྲག་གནོན་ཚད་ལས་འགལ་བ་བྱེད་བཞིན་ཡོད་པར་བློ་འཚབ་ཆེན་པོ་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བར་འདུམ་གནང་དགོས་གལ་ཆེ་ཡིན་པ་དང༌། བོད་ནང་གི་དགེ་འདུན་པ་དང་མང་ཚོགས་ཀྱི་དཀའ་ངལ་སེལ་ཐབས་སུ་འཕྲལ་མ་ཉིད་དུ་རྒྱབ་སྐྱོར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎