ར་ཧུལ་གན་རྡི་རྒྱ་གར་གྱི་སྲིད་བློན་དུ་འདེམས་རྒྱུར་མང་མོས།

རྒྱ་གར་ནང་མི་མང་གི་བསམ་ཚུལ་བསྡུ་ལེན་གནང་བའི་ནང་ར་ཧུལ་གན་རྡི་རྒྱ་གར་གྱི་སྲིད་བློན་དུ་འདེམས་རྒྱུར་མང་མོས་བྱུང་ཡོད་པ་རེད་

2011.08.08

༄༅༎རྒྱ་གར་ནང་མི་མང་གི་བསམ་ཚུལ་བསྡུ་ལེན་གནང་བའི་ནང་ཀོང་གིརེས་སྲིད་དོན་ཚོགས་པའི་ཚོགས་གཙོ་ལྕམ་སོནིཡ་གདིའི་སྲས་ར་ཧུལ་གན་རྡི་རྒྱ་གར་གྱི་སྲིད་བློན་དུ་འདེམས་རྒྱུར་མང་མོས་བྱུང་ཡོད་པ་རེད་

རྒྱ་གར་ནང་མི་མང་གི་བསམ་ཚུལ་བསྡུ་ལེན་གནང་མཁན་གྱི་ཚོགས་པ་གཙོ་བོ་གྲས་ཤིག་གི་གཙོ་འཛིན་སྐུ་ཞབས་ཡོ་གེན་རྡར་ཡ་རྡལྦ་ཡིས་ཀོང་གིརས་ཚོགས་པའི་ནང་ར་ཧུལ་གན་རྡི་མཆོག་ལ་རྒྱབ་སྐྱོར་གནང་མཁན་དེ་བརྒྱ་ཆ་ ༤༢ ཆགས་ཀྱི་ཡོད་སྟབས་ཁོང་ལ་རྒྱབ་སྐྱོར་ཐོབ་བ་བཞིན་སྲིད་དོན་པ་གཞན་སུ་ལའང་མེད་པ་རེད་ཅེས་གསུང་འདུག དལྟའི་རྒྱ་གར་གྱི་ལས་ཐོག་སྲིད་བློན་མན་མོ་ཧན་སིང་མཆོག་གི་གཞུང་དེར་ལྐོག་ཟ་རུལ་སུངས་ཀྱི་དཀའ་རྙོག་དུ་མ་ཡོད་པར་བརྟེན་གོང་ཞུས་མི་མང་གི་བསམ་ཚུལ་བསྡུ་ལེན་དེར་མི་མང་བརྒྱ་ཆ་ ༣༤ ཡིས་ར་ཧུལ་གན་རྡི་འཕྲལ་དུ་སྲིད་བློན་གྱི་ལས་འགན་བཞེས་དགོས་པའི་བསམ་ཚུལ་བཏོན་ཡོད་པ་རེད་ ད་ཐེངས་ཀྱི་རྒྱ་གར་ནང་གི་མི་མང་གི་བསམ་ཚུལ་བསྡུ་ལེན་དེ་ཀོང་གིརེས་ཚོགས་པའི་ཚོགས་གཙོ་ལྕམ་སོའོ་ནི་ཡ་གན་རྡི་མཆོག་གིས་རང་ཉིད་ཀྱི་སྲས་ར་ཧུལ་ལ་ཚོགས་པའི་ལས་དོན་ཐོག་ཕྱག་རོགས་གནང་དགོས་པའི་འབོད་བསྐུལ་གནང་བའི་དུས་སྐབས་དང་ཁོང་རང་ཉིད་སྨན་དོན་གཤག་བཅོས་་གནང་བའི་དུས་སྐབས་དང་མཉམ་འཁེལ་བྱུང་ཡོད་པ་རེད་ དེང་སྐབས་ལྕམ་སོའོ་ནི་ཡ་གན་རྡི་མཆོག་སྨན་ཁང་ནང་སྙུང་བཞིན་པའི་དུས་སྐབས་དེར་དགུང་གྲངས་  ༤༡ ལ་ཕེབས་པའི་ཁོང་གི་སྲས་ར་ཧུལ་གན་རྡི་དང་གཞན་ཚོགས་པའི་མི་བཞི་ཡིས་ཀོང་གིརེས་ཚོགས་པའི་ལས་དོན་ཁག་ལ་བལྟ་རྟོག་གནང་དགོས་པའི་བཀོད་མངགས་གནང་ཡོད་པའི་གནས་ཚུལ་ཐོན་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎