ཐུ་ཝ་གཞུང་མང་ལ་བོད་དོན་དྲིལ་བསྒྲགས།

ཨུ་རུ་སུར་བཅའ་ཞུགས་སྐུ་ཚབ་དོན་གཅོད་དང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་རྣམ་གཉིས་ནས་ཐུ་ཝ་སྲིད་འཛིན་མཆོག་མཇལ་འཕྲད་གནང་བ།

2012.09.27

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡ ནས་ ༢༠ བར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ལ་ཨུ་རུ་སུར་བཅའ་ཞུགས་སྐུ་ཚབ་དོན་ཁང་དང། མོ་སི་ཁོར་རྟེན་གཞི་བྱས་པའི་བོད་སྐྱོབ་དགེ་རྩ་ཚོགས་པ། ཁལ་མུཀ་ནང་པའི་དགོན་པ། ཐུ་ཝ་ནང་པའི་མཐུན་ཚོགས་བཅས་ཐུན་མོང་གིས་མགྲོན་འབོད་ཞུས་པ་བཞིན་ཆེད་ཕེབས་ཀྱིས་ཨུ་རུ་སྤྱི་མཐུན་གྱི་མང་ཚོགས་རྣམས་ལ་ཆོས་འགྲེལ་དང་གསུང་བཤད་གནང་ཡོད།



དགེ་བཤེས་ལྷག་རྡོར་ལགས་དང་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་རྣམ་གཉིས་ཐུ་ཝར་འབྱོར་སྐབས་ཐུ་ཝ་སྤྱི་མཐུན་གྱི་སྲིད་འཛིན་སྐུ་ཞབས་ཤོལ་བྷནཀ་ར་ཨུལ་(Mr.Sholban kar-ool) མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཟླ་བ་ཀན་ཨུལ་(Dawa Kan-ool) མཆོག   ནང་པའི་མཐུན་ཚོགས་ཀྱི་འགོ་ཁྲིད། དེ་བཞིན་མི་མང་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཕྱི་ཚེས་ ༨ ནས་ ༡༥ བར་ཁོང་རྣམ་གཉིས་ཀྱིས་མང་ཚོགས་འདུ་འཛོམས་ཐོག་༸གོང་ས་མཆོག་གིས་ནང་ཆོས་དང་ཚན་རིག་གི་ཐོག་གཟིགས་ཚུལ་སྐོར་གསུང་བཤད་གནང་ཡོད། དེ་རྗེས་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཐུ་ཝའི་སློབ་གྲྭ་དང་མཐོ་སློབ་བཅས་སུ་(Wisdom and Compassion:Sources of Meaningful life) ཤེས་རབ་དང་བྱམས་བརྩེ་ནི་མི་ཚེ་དོན་ལྡན་ཡོང་རྒྱུའི་འབྱུང་ཁུངས་ཡིན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། སྐུ་ཚབ་དོན་གཅོད་ཀྱིས་བོད་དོན་དང་འབྲེལ་བའི་གསུང་བཤད་ཀྱང་གནང་ཡོད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎