བླ་ཆེན་མཆོག་༧གོང་ས་མཆོག་དང་མཇལ་འཕྲད་གནང་དགོས།
2014.12.15

ཡེ་ཤུ་བླ་ཆེན་མཆོག་༧གོང་ས་མཆོག་དང་མཇལ་འཕྲད་མ་གནང་རྒྱུའི་ཐག་ཆོད་ཐོག་དགོངས་པ་བསྐྱར་དུ་བཞེས་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་ལྷོ་ཨ་ཕི་རི་ཀའི་ཡེ་ཤུ་བླ་ཆེན་ཀྲུ་ཀྲུ་མཆོག་གིས་རེས་གཟའ་ཟླ་བའི་ཉིན་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ཡེ་ཤུ་གནམ་དག་ཆོས་ལུགས་ཀྱི་བླ་ཆེན་གཙོ་བོ་པོབ་མཆོག་གིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མ་གནང་རྒྱུའི་ཐག་ཆོད་གནང་བ་དང་། ལྷག་དོན་དུ་དེ་རྒྱ་ནག་གི་གནོན་ཤུགས་འོག་མཇལ་འཕྲད་མ་གནང་དེར་ ཤིན་དུ་ནས་ཐུགས་ཕམ་བྱུང་བའི་སྐོར་གསུངས་ཡོད་པ་རེད། ཁོང་གི་སྤྱི་བསྒྲགས་ནང་། སྤྱིར་སྟངས་རྒྱལ་ཁབ་དང་ཚོགས་པ་ཁག་གི་དབུ་ཁྲིད་མང་པོར་རྒྱ་ནག་དང་ཏཱ་ལའི་བླ་མའི་དབར་གྱི་འབྲེལ་ལམ་གྱི་ཐོག་ནས་ཅི་བྱ་གཏོལ་མེད་ཀྱི་གནས་སྟངས་ཡོང་གི་ཡོད་པ་དེ་གསལ་པོ་མཁྱེན་གྱི་ཡོད། འོན་ཀྱང་དེའི་ཐད་དགོངས་པ་བསྐྱར་དུ་བཞེས་ནས་མ་འོངས་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ཆོས་ཕྱོགས་ཀྱི་སྐྱེས་བུ་དམ་པ་རྒྱུན་ལྡན་དུ་ཞི་བདེ་དང་མཉམ་གནས། སྙིང་རྗེའི་སྐོར་བཀའ་མོལ་གནང་མཁན་སྐྱེས་བུ་དམ་པ་ཞིག་ཡིན་པ་ཆ་ནས་ཡེ་ཤུ་གནམ་དག་ཆོས་ལུགས་ཀྱི་བླ་ཆེན་པོབ་མཆོག་གིས་མཇལ་འཕྲད་གནང་དགོས་པའི་སྐོར་ལྷོ་ཨ་ཕི་རི་ཀའི་བླ་ཆེན་ཀྲུ་ཀྲུ་ཡིས་འབོད་བསྐུལ་གནང་འདུག
ཉེ་སྔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨེ་ཊ་ལེའི་གྲོང་ཁྱེར་རོམ་དུ་ཕེབས་འབྱོར་མཚམས་སུ་བླ་ཆེན་པོབ་མཆོག་གིས་མཇལ་འཕྲད་གནང་གི་མེད་པའི་སྐོར་གནས་ཚུལ་ཕྱི་བསྒྲགས་གནང་ཡོད་པ་རེད།
གསར་འགོད་པ་ཀརྨ་རྡོ་རྗེ།