རྒྱ་གཞུང་གིས་བོད་མི་མཚོ་སྐྱེས་ཞུ་བ་ཞིག་འཛིན་བཟུང༌བྱས་ཡོད་པ།


2013.12.21
རྒྱ་གཞུང་གིས་བོད་མི་མཚོ་སྐྱེས་ཞུ་བ་ཞིག་འཛིན་བཟུང༌བྱས་ཡོད་པ། ནག་ཆུ་ས་ཁྲ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅༎ཟླ་འདིའི་ཚེས་༡༣ཉིན། ཁམས་ནག་ཆུ་རྫོང་རྟར་ཆེན་ཤང་ཨག་ཆེན་གྲོང་ཚོ་ནས་ཡིན་པའི་མཚན་ལ་མཚོ་སྐྱེས་ཞུ་བའི་བོད་མི་ཞིག རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་རྗེས། ད་ཆ་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་འདུག
དེའང་མཚོ་སྐྱེས་ལགས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་ས་གནས་མི་དམངས་ཀྱི་འདོད་པ་མེད་བཞིན་དུ་ཤག་རོང་པོ་ཆོས་རྗེའི་ཡང་སྲིད་ཁྲི་འདོན་བྱས་པ་དེར། མཚོ་སྐྱེས་ལགས་ཀྱིས་མི་དམངས་ཚོས་ཡང་སྲིད་དེར་ངོས་ལེན་མེད་པའི་སྐོར་གྱི་གནས་ཚུལ་ཤུགས་ཆེ་བཤད་ཡོད་པར་བརྟེན། རྒྱ་ནག་གཞུང་ཕྱོགས་ནས་ཁོང་འཛིན་བཟུང་བྱས་པ་ཞིག་ཡིན་པར་ས་གནས་མི་དམངས་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད་འདུག། ཁོང་འཛིན་བཟུང་བྱས་རྗེས། ཁོང་གི་བཞུགས་ཡུལ་ཨག་ཆེན་གྲོང་ཚོ་ཡོངས་རྫོགས་རྒྱ་ནག་གི་དམག་མིས་མཐའ་བསྐོར་ཡོད་པ་དང་། དེ་སྔོན་རོང་དགོན་གྱི་དོན་རྐྱེན་བྱུང་བར་བརྟེན། རྒྱ་ནག་གཞུང་གིས་ཁུལ་དེའི་བརྡ་འཕྲིན་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་བྱས་པར་བརྟེན། ད་ཆ་ས་གནས་མི་དམངས་ཚོས་མཚོ་སྐྱེས་ལགས་འཛིན་བཟུང་བྱས་པའི་གནས་ཚུལ་ལས་། དེ་མིན་མཚོ་སྐྱེས་ལགས་གང་དུ་འཁྲིད་ཡོད་མེད་ལ་སོགས་པའི་ཁོང་གི་ཞིབ་ཕྲའི་གནས་ཚུལ་གསལ་པོ་ཤེས་རྟོགས་མེད་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎