བོད་ནང་འགྲོ་འོང་གི་ཁྲིམས་འཆར་ལ་མཚན་རྟགས་བཀོད་གནང་ཡོད་འདུག
2018.12.20

༄༅༎ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀའི་ཐོག་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ཨང་H.R.1872 ཞེས་པ་དེར་དགག་བྱ་གང་ཡང་མེད་པར་སྤྱི་མོས་ཀྱི་ཐོག་ནས་གཏན་ལ་ཕབ་གནང་ཡོད་པ་དང་། གོང་ཞུས་ཁྲིམས་འཆར་དེ་བཞིན་ཁྲིམས་ལ་དངོས་སུ་གཏན་འཁེལ་རྒྱུར་སྲིད་འཛིན་གྱི་བཀའ་འཁྲོལ་དང་འབྲེལ་མཚན་རྟགས་གནང་དགོས་ཀྱི་ཡོད་པ་ཞིག་ཡིན་པ་རེད། ཁྲིམས་འཆར་དེ་བཞིན་སྲིད་འཛིན་མཆོག་གི་བཀའ་འཁྲོལ་གནང་རྒྱུར་གྲོས་ཚོགས་དང་བོད་མི་། བོད་དོན་རྒྱབ་སྐྱོར་བ་ཚོས་ཐུགས་རེ་གནང་བ་ལྟར་ཕྱི་ཟླ་༡༢ཚེས་༡༩གཟའ་ལྷག་པའི་དགོང་དྲོ་སྲིད་འཛིན་ཕོ་བྲང་གི་སྤྱི་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། གོང་ཞུས་ཁྲིམས་འཆར་དེར་ཨ་མི་རི་ཀའི་སྲིད་འཛིན་དྲོ་ནལདྲ་ ཀྲརམ་མཆོག་ནས་མཚན་རྟགས་བཀོད་གནང་ཡོད་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།