རྒྱ་ནག་ནས་འཕྲུལ་རིགས་ཀྱི་གཙོས་དངོས་ཟོག་མཁོ་སྒྲུབ་ཉུང་དུ་གཏང་རྒྱུ།

2021.01.16
རྒྱ་ནག་ནས་འཕྲུལ་རིགས་ཀྱི་གཙོས་དངོས་ཟོག་མཁོ་སྒྲུབ་ཉུང་དུ་གཏང་རྒྱུ། ཨ་རིའི་སྲིད་གཞུང་གི་རྒྱ་ནག་ནས་འཕྲུལ་རིགས་ཀྱི་གཙོས་དངོས་ཟོག་མཁོ་སྒྲུབ་བྱེད་རྒྱུ་ཉུང་དུ་གཏང་རྒྱུ་ཡིན་འདུག
ཨེ་ཨེཕ་པི།

སྲིད་འཛིན་དྲོ་ནལདྲ་ཀྲརམ་མཆོག་ལས་ཡུན་རྫོགས་པར་ཉིན་མ་འགའ་ཤས་ལས་མེད་པའི་དུས་ཚོད་འདིར་ཕྱི་ཟླ་༡ཚེས་༡༥ཉིན་སླར་ཡང་རྒྱ་ནག་གི་དངོས་ཟོག་མཁོ་སྒྲུབ་བྱེད་རྒྱུ་ཉུང་དུ་གཏང་རྒྱུ་ཡིན་ལུགས་སྲིད་འཛིན་གྱི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ Robert O’Brien མཆོག་གི་སྤྱི་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་གསུངས་ཡོད་འདུག གོང་ཞུས་སྤྱི་བསྒྲགས་དེའི་ནང་། རྒྱ་ནག་གིས་འཕྲུལ་རིགས་ཀྱི་གསང་བའི་ཐོག་ནས་ཨ་མེ་རི་ཀའི་གཞུང་དང་དམག་དོན། དེ་བཞིན་མི་སྒེར་བཅས་པའི་གནས་ཚུལ་མཁོ་སྒྲུབ་བྱེད་ཀྱི་ཡོད་སྟབས། དབུས་གཞུང་དང་འབྲེལ་ཡོད་ལས་ཁུངས་ཁག་ནས་ཨ་རིའི་མཁེ་ཕན་སྲུང་སྐྱོབ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེར་གཞིགས་པས་རྒྱ་ནག་གི་དངོས་ཟོག་མཁོ་སྒྲུབ་བྱེད་རྒྱུ་ཉུང་ཁྲི་གཏོང་དགོས་པ་མ་ཟད་དྭོགས་ཟོན་བྱེད་དགོས་ལུགས་གསུངས་ཡོད་པ་རེད། ལྷག་པར་དུ་ཀམ་པུ་ཀྲར་གྱི་འཕྲུལ་ཆས་བརྒྱུད་ནས་གནས་ཚུལ་གསང་བའི་ཐོག་ནས་རྐུ་འཁྱེར་བྱེད་ཐུབ་པའི་འཕྲུལ་ཆས་རིགས་རྒྱ་ནག་ནས་ནང་འདྲེན་བྱེད་རྒྱུའི་ཐོག་དོ་དམ་དུ་གཏང་རྒྱུ་ཡིན་ལུགས་གསུངས་པས་མ་ཟད་གཞུང་འབྲེལ་ལས་ཁུངས་ཁག་ལ་བཀོད་ཁྱབ་བཏང་གནང་ཡོད་ལུགས་ཀྱང་བཀོད་ཡོད་པ་རེད།

སྤྱིར་བཏང་སྲིད་འཛིན་ཀྲརམ་མཆོག་གི་སྲིད་གཞུང་ནས་འདས་པའི་ལོ་དེའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་དང་བོད་ཀྱི་གནད་དོན་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་དང་དེ་བཞིན་ཧོང་ཀོང་ནང་དྲག་གནོན་བྱེད་པའི་གནས་ཚུལ་སོགས་ཀྱིས་དཔལ་འབྱོར་དང་ཚོང་འབྲེལ་གྱི་ཉེས་ཆད། དེ་བཞིན་དྲག་གནོན་བྱེད་མཁན་གྱི་དཔོན་རིགས་ཚོ་ཨ་མེ་རི་ཀའི་ནང་ཕར་འགྲོ་ཚུར་འོང་བྱེད་རྒྱུར་མཐོང་ཆན་ཝི་ས་སྤྲོད་རྒྱུ་མཚམས་འཇོག་བྱེད་རྒྱུ། དེ་བཞིན་དེ་དག་གི་ཚོང་འབྲེལ་ཨ་རིའི་ནང་ཡོད་པ་དེ་དག་མཁུ་བསྡུ་གཏོང་རྒྱུ་སོགས་ཉེས་ཆད་མང་དག་ཞིག་འགེལ་ཡོད་པ་རེད་ལ་ཁ་ས་སླར་ཡང་རྒྱ་ནག་ནས་ནང་འདྲེན་བྱེད་རྒྱུའི་དམིགས་བསལ་ཉེན་ཚབས་ཆེ་བའི་འཕྲུལ་རིགས་དེ་དག་མཁོ་སྒྲུབ་བྱེད་རྒྱུ་ཉུང་དུ་གཏང་རྒྱུའི་ཐག་ཆོད་གནང་ཡོད་པ་བཅས་གང་ལྟར་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་གཞིགས་པས་སྲིད་འཛིན་ཀྲརམ་སྲིད་གཞུང་ནས་གདོང་ལེན་ནན་པོ་གནང་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎