གྲོས་ཚོཊ་ཚོཊ་དུས་དྲུག་པ་མཇུག་སྒྲིལ།


2013.09.28
གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་སྒྲིལ། བོད་མི་དམངས་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་རིང་གཟའ་སྤེན་པའི་ཉིན་མཇུག་བསྒྲིལ་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།

༄༅༎འདས་པའི་ཉིན་གྲངས་བཅུའི་རིང་ཚོགས་པའི་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་སྐབས་བཅོ་ལྔ་པའི་ཚོགས་དུས་དྲུག་པའི་ཚོགས་འདུ། དེ་རིང་གཟའ་སྤེན་པའི་ཉིན་མཇུག་བསྒྲིལ་ཞིང་། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་དང་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཁག་སྔར་ལྷག་ཚགས་ཚུད་གཏོང་དགོས་པ་དང་། གོ་སྐབས་མ་བརླག་པ་བྱེད་དགོས་པ་ནན་བརྗོད་གནང་པ་དང་། ད་དུང་ཁོང་གིས་ཐེངས་འདིའི་གྲོས་ཚོགས་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཕམ་དྭངས་སེལ་གྱི་གཞུང་འབྲེལ་གྲོས་ཆོད་ཅིག་ཀྱང་འཇོག་དགོས་བྱུང་བ་ནི་བློ་ཕམ་གྱི་རང་བཞིན་ཞིག་ཡིན་ཡང་། གྲོས་ཆོད་ཀྱི་ནང་བཀའ་བློན་དང་སྤྱི་འཐུས་རྣམ་པ་ཚང་མས་ད་ནས་བཟུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་ལ་སོགས་པ་དེ་དག་གི་ཐོག་འཛེམས་མེད་ཐོག་ནས་གདོང་ལེན་བྱ་རྒྱུ་འཁོད་དོན་ལྟར་ངེས་པར་ལག་བསྟར་དགོས་པའི་དྲན་བསྐུལ་ཡང་གནང་འདུག།
ཡང་སྲིད་སྐྱོང་བློ་བཟང་སངྒེ་ལགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་བའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡོངས་སུ་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། བཀའ་ཤག་གི་འཆར་གཞིའི་ནང་བཀའ་བློན་རྣམ་པ་བོད་མི་གནས་ཡུལ་སྤྱི་དང་ལྷག་པར་བོད་པའི་གཞིས་ཆགས་ཁག་གི་ནང་ཕྱོགས་ཕེབས་ཀྱིས་དམིགས་བསལ་དབུ་མའི་ལམ་གྱི་གོ་རྟོག་སྤེལ་རྒྱུ་ཡིན་པ་གསུངས་པ་དང་། ད་དུང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་སྐབས་བཅུ་བཞི་པའི་ད་ལྟའི་བཀའ་ཤག་གི་དུས་ཡུན་དེའི་རིང་བོད་དོན་དྲིལ་བསྒྲགས་དེ་སྔོན་ལས་རྒྱ་ཆེ་བ་བྱུང་ཡོད་པར་མ་ཟད་། འཛམ་གླིང་ཡུལ་གྲུ་ཁག་གི་ནང་བོད་དོན་གྲོས་ཆོད་བཞག་པ་དེ་དག་ནི་དེ་སྔོན་ལས་ཧ་ཅང་མང་བ་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུག།
བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཉིན་མཐའ་མའི་སྐོར་འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་བཏང་བར་གསན་རོགས།སྒྲ་ལྡན་གསར་འགྱུར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎