བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་དམ་འབུལ་ཟིན་མཚམས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས།

2021.06.18
བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་དམ་འབུལ་ཟིན་མཚམས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས། འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས། ༦།༡༨།༢༡
RFA

བདམས་ཐོན་སྤྱི་འཐུས་༢༢་ཀྱིས་བཅའ་ཁྲིམས་དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུས་མཚམས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་ཞུ་རྒྱུའི་གྲ་སྒྲིག་ཡོད་པ་དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་གནང་སོང་།
འདི་ཚེས་༡༨་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཐོག དབུས་འོས་བསྡུ་ལས་ཁང་གིས་སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པའི་འོས་བསྡུ་དང་འབྲེལ་བའི་ལམ་སྟོན་གསལ་བཤད་གནང་སྐབས། སྤྱི་ཁྱབ་འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་ཕྱི་ལོ་༢༠༢༡་ཟླ་༦་ཚེས་༨་ཉིན། སྐབས་༡༧་པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་ལས་རིམ་གྲུབ་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ཆེད་བཅར་སྐབས་བཅའ་ཁྲིམས་དོན་ཚན་༤༧་དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་མདུན་དམ་འབུལ་ཞུས་པ་གྲངས་༢༡་བྱུང་མེད་སྟབས། བཅའ་ཁྲིམས་དོན་ཚན་༤༩ དགོངས་དོན་གསུམ་ཆ་གཉིས་ལོན་མེད་སྟབས་སྒྲིག་གསལ་གྲུབ་ཆ་ཚང་མཚམས་འོས་བསྡུ་ཞུ་རྒྱུ་ཡིན་ཞེས་ཞུས་ཏེ། དེ་རྗེས་ཚོགས་དྲུང་ལས་ཁུངས་སུ་དམ་འབུལ་དང་འབྲེལ་བའི་ཡིག་འབྲེལ་ཞུས་སྐབས་ཚེས་༩་ཉིན་གྱི་གསལ་བཤད་ནང་དུ་བདམས་ཏོན་སྤྱི་འཐུས་༢༢་གྱིས་༧གོང་སྐུ་པར་དང་༢༡་ནས་བར་བརྒལ་ཙོགས་གཙོའི་མདུན་དམ་འབུལ་ཞུས་པའི་གྲངས་ཐོ་གནང་བ་དེ་དག་བཅའ་ཁྲིམས་དང་འགལ་བ་ཞིག་ཆགས་པས། ༧གོང་ས་མཆོག་གི་སྐུ་པར་མདུན་དུ་དམ་འབུལ་ཞུ་མཁན་བདམས་ཐོན་སྤྱི་འཐུས་༢༢་ནས་བཅའ་ཁྲིམས་དགོངས་དོན་བར་བརྒལ་ཚོགས་གཙོའི་མདུན་དམ་འབུལ་ཞུས་མཚམས་དབུས་འོས་བསྡུ་ལས་ཁང་ནས་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་ཞུ་རྒྱུར་གྲ་སྒྲིག་ཡིན་པ་གསུངས་གནང་སོང་།
བཅའ་ཁྲིམས་དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་མཁན་ཁག་ནི་བར་བརྒལ་ཚོགས་གཙོ་དབུས་གཙང་སྤྱི་ཟླ་བ་ཚེ་རིང་ལགས་ཕུད་པའི་བདམས་ཐོན་དབུས་གཙང་སྤྱི་འཐུས་བརྒྱད་དང་། བདམས་ཐོན་མདོ་སྨད་སྤྱི་འཐུས་༡༠། བདམས་ཐོན་ཡོ་རོབ་སྤྱི་འཐུས་གཉིས། བདམས་ཐོན་བྱང་ཨ་རིའི་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་བཅས་ཡིན་པ་རེད།
དེ་བཞིན་༧གོང་ས་མཆོག་གི་སྐུ་པར་མདུན་དུ་དམ་འབུལ་ཞུ་མཁན་རྣམས་ནི་བདམས་ཐོན་མདོ་སྟོད་སྤྱི་འཐུས་བཅུ་དང་། བདམས་ཐོན་ཆོས་རྒྱུད་སྤྱི་འཐུས་བཅུ། བདམས་ཐོན་བྱང་ཨ་རིའི་་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས། བདམས་ཐོན་དབུས་གཙང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་བཅས་བྱུང་ཡོད་པ་རེད།
ཚོགས་དྲུང་ལས་ཁུངས་ནས་དམ་འབུལ་གྱི་ལས་རིམ་ཁག་གཉིས་ལ་བཟོས་གནང་བ་དེ་དཀའ་རྙོག་ཀྱི་འབྱུང་རྐྱེན་གཙོ་བོར་གྱུར་བར་ངོས་ལེན་ཞུ་ཐབས་མེད་པ་དང་། མཇུག་འབྲས་ཇི་ཆགས་འགན་ཡང་འཁུར་ཐབས་མེད་པ་ཅེས་གསལ་འདེབས་གནང་སྟངས་ལ་གཞིགས་སྐབས་། བཅའ་ཁྲིམས་དང་སྒྲིག་འཁུར་གང་ཡང་ཞུ་མི་དགོས་པའི་གདེང་སྤོབས་དང་གནང་སྟངས་ལ་ཐུགས་་ཚབས་ཧ་ཅང་ཆེན་པོ་ཡོད། བདམས་ཐོན་སྤྱི་འཐུས་སྐུ་ཚབ་རྣམ་པར་སླད་དེ་འབྲེལ་ཚོགས་དྲུང་ལས་ཁུངས་ལ་འབྲེལ་གཏུགས་གནང་སྐྱོང་ཡོང་བ་ཞུས་ཡོད་པ་གསུང་གནང་སོང་།
སྐབས་དེར་གསར་འགོད་པས་འོས་བསྡུའི་འགན་འཛིན་མཆོག་ལ་བདམས་ཐོན་སྤྱི་འཐུས་༢༢་གྱི་བཅའ་ཁྲིམས་དགོངས་དོན་དམ་འབུལ་ཞུ་རྒྱུའི་དུས་ཚོད་ཚད་བཀག་ཡོད་མིན་དང་། མ་བྱུང་ཚེས་བཅའ་ཁྲིམས་དོན་ཚན་༥༧་ནང་གསེས་དང་པོའི་དགོངས་དོན་ཕྱག་བསྟར་གནང་རྒྱུ་ཡིན་མིན་བཅའ་འདྲི་ཞུ་སྐབས། ཁོང་གིས་འོས་བསྡུ་ལས་ཁང་ནས་བདམས་ཐོན་སྤྱི་འཐུས་༢༢་ནས་སྒྲིག་མཐུན་དམ་འབུལ་གནང་བའི་རེ་བ་ད་དུང་ཡང་གནང་བཞིན་ཡོད་པ་གསུང་གནང་སོང་།
གཞན་ཡང་འོས་བསྡུའི་འགན་འཛིན་མཆོག་གིས་མང་ཚོགས་ནས་རེ་འདུན་ཆེན་པོས་འོས་འདེམས་ཞུས་པའི་སྤྱི་འཐུས་རྣམས་ཀྱིས་དགོངས་པ་ཆེ་བཞེས་ཀྱིས་བཅའ་ཁྲིམས་དགོངས་དོན་དམ་འབུལ་ཞུ་དགོས་པའི་ཐུགས་འགན་བཞེས་དགོས་སྐོར་འབོད་སྐུལ་གནང་སོང་།
གནས་ཚུལ་དེའི་ཐད་བདམས་ཐོན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་སུ་བཅར་འདྲི་ཡོང་ཐབས་བྱས་ཀྱང་ལན་འདེབས་གང་ཡང་བྱུང་མ་སོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎