གྲཌ་ཅན་གཞས་པ་ཚོས་བོད་དོན་ཀྲེབ་ཐག་འདོན་སྤེལ་གནང་རྒྱུ།

འཛམ་གླིང་ནང་གྲགས་ཅན་གྱི་གཞས་པ་ཁག་ཅིག་ནས་བོད་ཀྱི་གནད་དོན་ཐོག་ཀྲེབ་ཐག་ཅིག་འདོན་སྤེལ་གནང་འཆར་ཡོད་འདུག

2008.07.09

༄༅༎བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་དེ་རིང་གནས་ཚུལ་སྤེལ་བར་ལྟར་ན། ཞི་བདེའི་རྒྱུ་རྩལ་ཞེས་པའི་ལྟེ་གནས་ཁང་ནང་གོ་བསྒྲིགས་འོག་བོད་ཀྱི་གནད་དོན་དང་འབྲེལ་བའི་སྐོར་གཞས་སྣའི་ལམ་ནས་དྲིལ་བསྒྲགས་སྤེལ་རྒྱུའི་ཆེད་ཀྲེབ་ཐག་ཅིག་འདོན་སྤེལ་གནང་རྒྱུ་ཡིན་འདུག། ཀྲེབ་ཐག་དེའི་ནང་འཛམ་གླིང་ནང་ཤིན་ཏུ་སྙན་གྲགས་ཆེ་བས་དབྱིན་ཇིའི་གཞས་པ་གྲགས་ཅན་སི་ཀྲིང་དང་། དེ་བཞིན་ཨ་རི་དང་ ཡོ་རོབ་ཡུལ་གྲུ་ཁག་གི་གཞས་གཏོང་མཁན་དྲེལྦ་མེ་ཐིའུ་སི། ཇོན་མེ་ཡར། མོ་སྦི་སོགས་གཞས་པ་ཁག་ཅིག་ནས་གཞས་གཏོང་གནང་གི་ཡོད་འདུག། གོང་ཞུས་ལྟེ་གནང་ཁང་དེའི་འགན་འཛིན་སྐུ་ཞབས་མ་ཡེ་ཀལ་ལྦོལ་ནས་འགྲེལ་བརྗོད་གནང་བར་གཞིགས་ན། རོལ་དབྱངས་དང༌། གཞས་སྣའི་ཀྲེབ་ཐག་འདི་བཞིན་ལོ་འདིའི་ཕྱི་ཟླ་ལྔ་པའི་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་ཨ་རིའི་ནང་བསྐོར་སྐྱོད་བྱས་པའི་རྗེས་སུ་ལས་གཞི་འདི་འགོ་བཙུགས་པ་ཞིག་ཡིན་འདུག་ལ་ གཞས་པ་ཚོས་མཐུན་འགྱུར་གནང་རྒྱུའི་ཞལ་བཞེས་གནང་སྟངས་ཧ་ཅང་འདོད་བློ་འཁེངས་པ་ཞིག་བྱུང༌། སི་དྲི་ཀྲེབ་ཐག་འདིའི་དཔལ་འབྱོར་རོགས་རང་གནང་མཁན་ཡང་སྙན་གྲགས་ཅན་གྱི་རོལ་དབྱངས་ཚན་པའི་སྦྱིན་བདག་སྐུ་ཞབས་ རུ་པདྲ་ཧ་ཡེན་སེ་མཆོག་ནས་ཀྱང་མཐུན་འགྱུར་ཧ་ཅང་ཡག་པོ་གནང་ཡོད་པ་བཅས་གང་ལྟར་ཀྲེབ་ཐག་འདི་བརྒྱུད་༸གོང་ས་ཏཱ་ལའི་བླ་མ་མཆོག་དང༌། བོད་མི་ཚོ་ཛ་དྲག་གི་དུས་ཚོད་ཉག་ཕྲ་བའི་སྐབས་སུ་བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཐོག་གོ་རྟོག་སྤེལ་ཐབས་སུ་དམིགས་པ་ཞིག་ཡིན་པ་དང༌། ལྷག་པར་དུ་སི་དྲི་ཀྲེབ་ཐག་ཚོང་འགྲེམས་བྱས་པའི་ཡོང་འབབ་ཆ་ཚང་༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་ལས་འཆར་ཁག་གི་ཐོག་གཏོང་འཆར་ཡོད་ཅེས་གསུངས་འདུག། སི་དྲི་ཀྲེབ་ཐག་དེ་བཞིན་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་འགྲེམས་སྤེལ་གནང་འཆར་ཡོད་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎