རྒྱ་ནག་མཐོ་རིམ་དཔོན་རིགས་བལ་ཡུལ་དུ་འཚམས་འདྲི།

རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་ཤིག་གིས་སྣེ་ཁྲིད་པའི་འཐུས་མི་ལྔ་བཅུ་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཤིག་བལ་ཡུལ་དུ་འཚམས་འདྲི།

2011.08.16

༄༅༎རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་ཤིག་གིས་སྣེ་ཁྲིད་པའི་འཐུས་མི་ལྔ་བཅུ་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཤིག་དེ་རིང་རེས་གཟའ་མིག་དམར་ཉིན་བལ་ཡུལ་དུ་འཚམས་འདྲིར་འབྱོར་ཡོད་པའི་སྐོར་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག

རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྲུའུ་ཡོང་ཀང་ཡིས་བལ་ཡུལ་གྱི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་མཉམ་དུ་ཐུག་འཕྲད་བྱ་རྒྱུ་མ་ཟད། བལ་ཡུལ་གྲོས་ཚོགས་ནང་ཚོགས་མི་མང་ཤོས་ཀྱི་དབང་ཆ་འཛིན་བཞིན་པ་མའོ་གྱེན་ལོག་ཤོག་ཁག་གི་ཚོགས་གཙོ་སོགས་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་རེད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བཤད་པར་གཞིགས་ན། ཀྲུའུ་ཡོང་ཀང་ཉིན་གསུམ་རིང་བལ་ཡུལ་དུ་འཚམས་འདྲི་བྱེད་པའི་རིང་ལ་བལ་ཡུལ་དང་རྒྱ་ནག་དབར་ལ་དཔལ་འབྱོར་དང༌། འཕྲུལ་རིག་ལས་དོན་མཉམ་ལས་ཀྱི་གྲོས་མཐུན་འཇོག་བྱ་རྒྱུ་ཡིན་པ་དང༌། ཀྲུའུ་ཡོང་ཀང་གི་འཚམས་འདྲི་རེས་གཟའ་ཕུར་བུའི་ཉིན་མཇུག་སྒྲིལ་གྱི་ཡོད་པའི་སྐོར་བཤད་ཡོད་པ་རེད། བལ་ཡུལ་གྱི་སྲིད་བློན་ཇ་ལ་ནའཐ་ཀ་ནལ་ མཆོག་གིས། བལ་ཡུལ་ནང་མི་ལོ་བཅུའི་རིང་གཞུང་དང་མའོ་གྱེན་ལོག་ཤོག་ཁག་དབར་དམག་འཁྲུག་རྒྱབ་ཏེ་༢༠༠༦ ལོར་དམག་འཁྲུག་མཇུལ་སྒྲིལ་བ་དང་ཕྱོགས་གཉིས་བར་ཞི་བའི་གྲོས་མོལ་གྱི་ལས་དོན་ཞིག་ཐོག་བསྐྱོད་བཞིན་ཡོད་པ་དེའི་ཐད་ཡར་རྒྱས་ཀྱི་རྣམ་པ་གང་ཡང་ཐོན་གྱི་མེད་པའི་རྒྱུ་མཚན་གསུང་སྟེ་ཁོང་སྲིད་བློན་གྱི་མཛད་འཁུར་ནས་དགོངས་ཞུ་གནང་བའི་གསལ་བསྒྲགས་གནང་ནས་ཉིན་ཤས་ལས་མ་ཕྱིན་པའི་སྐབས། ད་རེས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ ཀྲུའུ་ཡོང་ཀང་བལ་ཡུལ་དུ་འཚམས་འདྲི་འབྱོར་བ་ཡིན་ཞིང༌། འོན་ཀྱང་སྲིད་བློན་མཆོག་གིས། བལ་ཡུལ་གྲོས་ཚོགས་ཐོག་ནས་སྲིད་བློན་གསར་

པ་འོས་འདེམས་མ་བྱུང་གི་བར་དུ་ཁོང་གིས་སྲིད་བློན་གྱི་མཛད་འཁུར་མུ་མཐུད་བཞེས་རྒྱུ་ཡིན་པ་གསུང་ཡོད་པ་རེད། བལ་ཡུལ་ནང་དུ་རྒྱ་ནག་གཞུང་གི་གནོན་ཤུགས་སམ་ཤུགས་རྐྱེན་ཆེ་རུ་འགྲོ་བ་མ་ཟད། ཉེ་བའི་ལོ་འགའ་ཤས་ནང་མངོན་གསལ་དོད་པོའི་ཤུགས་རྐྱེན་ཆེ་རུ་ཕྱིན་ཡོད་པ་དང༌། ཉེ་ཆར་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་དམག་སྤྱི་ཁྲེན་སྦིང་ཌེ་ བལ་ཡུལ་དུ་འཚམས་འདྲིར་བསྐྱོད་དེ་བལ་པོའི་དམག་དོན་ལས་གཞི་ཡར་རྒྱས་ཀྱི་ཆེད་དུ་ཨ་རིའི་ཊོ་ལར་ས་ཡ་༡༩ ཡི་རོགས་རམ་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎