བོད་ཀྱི་འགྲུལ་བཞུད་ཅེས་པའི་དཔེ་དེབ་སྐོར།

བཙན་བྱོལ་ནང་གི་བོད་ཀྱི་འགྲུལ་བཞུད་ཅེས་མིང་སྦྱང་དུ་འཁོད་པའི་དཔར་དེབ་ཅིག་བཀའ་བློན་ཁྲི་པ་མཆོག་ནས་སྒོ་དབྱེད་གནང་འདུག

2008.07.08

༄༅༎བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་དང་དྲིལ་བསྒྲགས་ལས་ཁུངས་ཀྱི་འགྲེམས་སྟོན་སྡེ་ཚན་ནས་ཕྱོགས་བསྒྲིགས་ཞུས་པའི་བཙན་བྱོལ་ནང་གི་བོད་ཀྱི་འགྲུལ་བཞུད་ཅེས་མིང་སྦྱང་དུ་འཁོད་པའི་དཔར་དེབ་ཅིག་ ཕྱི་ཟླ་བདུན་པའི་ཚེས་ ༦ སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉེན་བཀའ་བློན་ཁྲི་པ་མཆོག་ནས་སྒོ་དབྱེད་གནང་འདུག

དཔར་དེབ་འདིའི་ནང་ བོད་ཀྱི་གནའ་བོའི་སྲོལ་རྒྱུན་བོད་ནང་དར་ཁྱབ་བྱུང་ཚུལ་དང་ མི་ལོ་སྟོང་ཕྲག་མང་པོའི་རིང་ཐོུང་མ་ཡིན་པའི་བོད་ཀྱི་རིག་གཞུང་ བོད་ཀྱི་ས་མཐོ་དེའི་སྟེང་རྒྱུན་གནས་བྱུང་སྟངས་ དེ་རྗེས་དུས་ཀྱི་འགྱུར་བའི་དབང་གིས་བཙན་བྱོལ་གྱི་ལོ་རྒྱུས་འགོ་བཙུགས་རྗེས་ བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་འཛུགས་སྟངས་དང་ བོད་ནང་རྒྱ་ནག་གི་དབང་འཛིན་པ་ཚོས་གཏོར་བཤིག་ཚབས་ཆེ་བཏང་པའི་ དགོན་སྡེ་གྲྭ་ཚང་དང་རིག་གཞུང་སྦྱང་བཙོན་གྱི་ལྟེ་གནས་ཁང་ དེ་བཞིན་སློབ་གྲྭ་སོགས་གསར་བཞེངས་སླར་གསོ་གནང་སྟངས་སོགས་ཀྱི་འགྲེལ་བཤད་རྒྱས་པོ་ཡོད་འདུག་པར་མ་ཟད་ ཕྱི་ལོ་ ༡༩༥༩ ལོར་བོད་མི་ཚོ་བཙན་བྱོལ་དུ་སླེབས་པ་ནས་བཟུང་ ད་བར་དགོན་སྡེ་གྲྭ་ཚང་སོགས་བཤད་སྒྲུབ་ཀྱི་ལྟེ་གནས་ཁང་དང་ རིག་གཞུང་གི་ལྟེ་གནས་ཁང་ དེ་བཞིན་སློབ་གྲྭ་སོགས་འཕེལ་རིམ་འབྱུང་སྟངས་དང་ རིམ་པས་མང་གཙོའི་ལམ་སྲོལ་དར་སྤེལ་གྱིས་ ད་ཆ་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་མང་གཙོའི་ལམ་ལུགས་ལྡན་པ་ཞིག་ཏུ་གྱུར་སྟེ་བཙན་བྱོལ་བོད་མིའི་བདེ་སྡུག་ལ་རང་རྐྱ་འཕེར་ངེས་ཀྱི་གཟིགས་སྐྱོང་གནང་ཐུབ་མཁན་ཞིག་ཆགས་ཡོད་པ་སོགས་ཀྱི་འགྲེལ་བཤད་ཀྱང་ཡོད་འདུག

དེབ་འདིའི་དམིགས་ཡུལ་གཙོ་བོ་ནི་ བོད་མི་གཞོན་སྐྱེས་ཚོས་ རང་གི་ཕ་ཡུལ་དང་རིག་གཞུང་ དེའི་ནང་གནས་པའི་མི་ཚོའི་ལོ་རྒྱུས་དང་གནས་སྟངས་ཤེས་རྟོགས་གོང་འཕེལ་ཡོང་ཐབས་ཆེད་ཡིན་པ་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎