ལྷ་སའི་གྲོང་ཁྱེར་རྙིང་པ་སྲུང་སྐྱོབ་ཀྱི་ལས་འཞི།
2012.12.23
༄༅༎རྒྱ་ནག་གཞུང་གིས་མ་དངུལ་ཨ་སྒོར་ས་ཡ་གཅིག་ལྷག་ཙམ་གྱི་འགྲོ་གྲོན་བཏང་ནས་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་རྙིང་པ་སྲུང་སྐྱོབ་ལས་གཞི་སྤེལ་རྒྱུ་ཡིན་ལུགས་བོད་ནང་གི་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག
གོང་ཞུས་གསར་འགྱུར་བརྒྱུད་ལམ་གྱི་སྤེལ་གནང་བའི་གནས་ཚུལ་ནང་འཁོད་པར་ལྟར་ན།ལྷ་སའི་གྲོང་ཁྱེར་རྙིང་པ་དེ་དག་མང་ཆེ་བ་ལོ་རྒྱུས་རིང་ཞིང་ཆོས་ལུགས་དང་ཚོང་དོན་གྱི་བལྟེ་གནས་ཡིན་པའི་ཁར་ཕྱི་ནས་ཕེབས་པའི་མི་མང་པོ་གནས་བཞུགས་གནང་གི་ཡོད་པ་སོགས་ཀྱི་རྐྱེན་པས་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་འཕེལ་རྒྱས་འགྲོ་མ་ཐུབ་པར་གནས་ཡོད་ལུགས་དང་ ལྷ་སའི་གྲོང་ཁྱེར་རྙིང་པའི་ལྟེ་གནས་ནི་བར་སྐོར་འཁེལ་གྱི་ཡོད་པ་རེད། ད་རེས་རྒྱ་ནག་གཞུང་གིས་གྲོང་ཁྱེར་སྲུང་སྐྱོབ་འཛུགས་སྐྲུན་ལས་གཞི་སྤེལ་རྒྱུའི་ནང་གྲོང་ཁྱེར་གྱི་ཆུ་འགྲོ་ཁག་དང་། གློག་རྐུད་བཙུགས་སའི་གློག་ཤིང་སོགས་བཟོ་བཅོས་རྒྱབ་རྒྱུ་དང་།ལྷ་སའི་གྲོང་ཁྱེར་རྙིང་པའི་ཁུལ་དུ་ཚ་གློག་གི་གདོང་མོ་འཛུགས་འཇོག་བྱེད་རྒྱུ། དེ་བཞིན་གྲོང་ཁྱེར་གྱི་ཕྱིའི་རྣམ་པ་སྲུང་སྐྱོབ་ཀྱི་འཛུགས་སྐྲུན་ལས་གཞི་སྤེལ་རྒྱུ་མ་ཟད། གྲོང་ཁྱེར་གྱི་བདེ་འཇགས་སྲུང་སྐྱོབ་སོགས་པའི་ལས་དོན་སྤེལ་རྒྱུ་བཀོད་འདུག།