བོད་དོན་དྲིལ་བསྒྲགས་ཀྱི་རོལ་དབྱངས་འདུ་འཛོམས།

རྒྱ་གར་ནང་བོད་དོན་དྲིལ་བསྒྲགས་ཆེད་རོལ་དབྱངས་ཀྱི་འདུ་འཛོམས་ཤིག་རེས་གཟའ་ཕུར་བུའི་ཉིན་ཚུགས་རྒྱུ་ཡིན་འདུག

2011.01.11

༄༅༎རྒྱ་གར་གྱི་མངའ་སྡེ་གུ་ཇུ་རཏ་གྱི་རྒྱལ་ས་ལྦ་དྲོ་དྲ་ར་ནང་ཡོད་པའི་བོད་རང་དབང་ཆེད་ཀྱི་སློབ་ཕྲུག་ཚོགས་པའི་ཡན་ལག་ཚན་པ་དང་ ཚོགས་པ་དེའི་དབུས་ཀྱི་སྒྲིག་འཛུགས་ཐོུང་གིས་གོ་སྒྲིག་འོག་བོད་དོན་དྲིལ་བསྒྲགས་ཆེད་རོལ་དབྱངས་ཀྱི་འདུ་འཛོམས་ཤིག་གཟའ་ཕུར་བུའི་ཉིན་ཚུགས་རྒྱུ་ཡིན་འདུག།

ལྦ་དྲོ་དྲ་ར་བོད་རང་དབང་ཆེད་ཀྱི་སློབ་ཕྲུག་ཚོགས་པའི་ཡན་ལག་ཚན་པ་དེའི་ཚོགས་མི་ལྦེ་ལྦེཀ་གྱིས་ ང་ཚོས་བོད་དོན་ཆེད་མར་མེའི་ཁྲོམ་བསྐོར་དང་ངག་བཅད་གོམ་བགྲོད་སོགས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་མྱོང་ཡོད་ན་ཡང་ རོལ་དབྱངས་འཁྲབ་སྟོན་གྱི་ལམ་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུ་ད་རེས་ཐོགས་མ་དེ་ཆགས་རྒྱུ་རེད་ཅེས་དང་ ལས་འགུལ་དེའི་ནང་རྒྱ་གར་གྱི་མངའ་སྡེ་ར་ཇསི་ཐན་དང་གུཇ་རཏ་ མ་ནི་པུར་ ཧི་མ་ཅལ་བཅས་ནས་ཡོང་པའི་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་མཉམ་ཞུགས་བྱ་རྒྱུ་ཡིན་པ་གསུངས་འདུག།

ཡང་སློབ་ཕྲུག་ཚོགས་པ་དེའི་ཚོགས་མི་བོད་པའི་བོུ་དབང་མོ་ལགས་ཀྱིས་ རྒྱ་གར་གྱི་སློབ་ཕྲུག་མང་པོ་ཞིག་གིས་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་ཤེས་རྟོགས་མེད་སྟབས་ རོལ་དབྱངས་འཁྲབ་སྟོན་འདུ་འཛོམས་འདི་ལྟ་བུའི་ཐོག་ནས་སློབ་ཕྲུག་ཚོའི་བོད་དོན་ཐད་དོ་སྣང་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག།

བོད་རང་དབང་ཆེད་ཀྱི་སློབ་ཕྲུག་ཚོགས་པ་འདི་ནི་རྒྱལ་སྤྱིའི་ནང་ཁྱབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཡིན་པ་དང་ ཐོག་མར་ཨ་མི་རི་ཀའི་ནང་བཙུགས་པ་ཞིག་ཡིན་པ་རེད། ལྦ་དྲོ་དྲ་རའི་ནང་གི་ཚོགས་པ་དེའི་ཡན་ལག་གི་ནང་ཚོགས་མི་ལྔ་ལས་མེད་ཀྱང་ ཚོགས་པའི་འགོ་འཁྲིད་ལྦི་ལྦེཀ་གྱིས་ཚོགས་མི་མང་དུ་གཏོང་རྒྱུ་དང་ལོ་ལྟར་རོལ་དབྱངས་འཁྲབ་སྟོན་གྱི་དུས་སྟོན་འདི་རིགས་ཚུགས་ཐུབ་རྒྱུར་རེ་བ་གནང་གི་ཡོད་པ་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎