དྷ་རམ་ས་ལར་བོད་ཀྱི་གནམ་གཤིས་ཆེད་ལས་འགུལ་སྤེལ་བ།
2015.11.29

༄༅༎ཕྱི་ཟླ་༡༡ཚེས་༢༩རེས་གཟའ་ཉི་མའི་་ཞོག་པ་བཞུགས་སྒར་དྷ་རམ་ས་ལའི་མེག་ལོར་གྷན་ཇི་ཁྲོམ་གཞུང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ཕ་རེནས་ཡི་རྒྱལ་ས་Paris ནང་ཚོགས་ལ་ཉེ་བའི་UN COP21 ཞེས་པའི་གནམ་གཤིས་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་བོད་ཀྱི་གནམ་གཤིས་ལ་འགན་ཁུར་ལག་བསྟར་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པའི་གནས་ཚུལ་འདུག དེ་ཡང་བོད་ཀྱི་བང་ཆེན་གྱི་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་བེུད་ལྷན་ཚོགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་བཅས་ཀྱིས་གོ་སྒྲིག་གནང་སྟེ་ཞུགས་སྒར་དྷ་རམ་ས་ལའི་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱ་གར་བ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་ཆེ་ཡིན་པའི་ཁྲོམ་སྐོར་དང་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་བྱས་བཞག དེ་བཞིན་མེག་ལོར་གྷན་ཇི་ཁྲོམ་གཞུང་དུ་རྒྱ་ནག་གི་བཙན་འཛུལ་འོག་བོད་ནང་དུ་འབྲོག་པ་གནས་སྤོ་དང་།གཏེར་ཁ་སྔོག་འདོན།ཆུ་བོ་ཁ་བསྒྱུར་གྱིས་ཆུ་མཛོད་རྒྱག་པ་སོགས་ཀྱིས་ཁོར་ཡུག་གཏོར་བཤིག་ཚབ་ཆེན་བཟོ་བཞིན་པ་རྣམས་གསལ་སྟོན་ཆེད་ཁྲོམ་གཞུང་ནང་ཟློས་གར་འཁྲབ་སྟོན་ཞིག་བྱས་པ་དང་འབྲེལ།ཐེངས་འདིའི་Paris ནང་ཚོགས་བཞིན་པའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ལའང་འགན་ཁུར་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག།གསར་འགོད་པ་ཚེ་དབང་དངོས་གྲུབ།