ཁམས་རྫ་ཆུ་ཁར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ལས་འགུལ།

བོད་ཀྱི་ཁམས་རྫ་ཆུ་ཁའི་ནང་དུ་དགེ་འདུན་པ་དང་བཙུན་མ་ཚོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པའི་རྔམ་སྟོན་ལས་འགུལ་སྤེལ་ཡོད་པ་རེད།

2010.11.09

༄༅༎རེས་གཟའ་ཟླ་བའི་ཉིན་བོད་ཀྱི་ཁམས་རྫ་ཆུ་ཁའི་ནང་དུ་དགེ་འདུན་པ་དང་བཙུན་མ་ཚོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པའི་རྔམ་སྟོན་ལས་འགུལ་སྤེལ་ཡོད་པ་རེད།

ཐོག་མར་རེས་གཟའ་ཉི་མའི་ཉིན་རྫ་ཆུ་ཁ་སེར་ཤུལ་དགོན་པའི་དགེ་འདུན་པ་དང་བཙུན་པ་ཁྱོན་ལྔ་བཅུ་ཙམ་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་སྐད་ཡིག་རང་དབང་ལ་བརྩི་བཀུར་བྱེད་དགོས་ཀྱི་རེད་ཅེས་དགོས་འདུན་བཏོན་པའི་རྔམ་སྟོན་ལས་འགུལ་སྤེལ་ཏེ་རྫོང་སྲིད་གཞུང་བར་བསྐྱོད་ཐབས་བྱས་ཀྱང་རྒྱ་ནག་ཉེན་རྟོག་པས་བཀག་འགོག་བྱས་ཡོད་པ་དང༌། དེ་རྗེས་རེས་གཟའ་ཟླ་བའི་ཉིན་རྫ་ཆུ་ཁའི་དགེ་འདུན་པ་དང་བཙུན་མ་ཁྱོན་བདུན་བརྒྱ་ལྷག་འདུ་འཛོམས་ཀྱིས། སྐད་ཡིག་རང་དབང་དང༌། མི་རིགས་འདྲ་མཉམ་དགོས་པའི་སྐད་འབོད་བྱེད་བཞིན་དུ་སེར་ཤུལ་ས་གནས་སྲིད་གཞུང་བར་གོམས་བགྲོས་ཀྱིས་རྫོང་སྲིད་གཞུང་བར་སླེབས་པར་ཉེ་བའི་སྐབས་རྒྱ་མིའི་ཉེན་རྟོག་པས་གཅིག་མཚུངས་ཀྱིས་བཀག་འགོག་བྱས་ཡོད་པ་དང༌། རེས་གཟའ་ཟླ་བའི་ཉིན་སྤེལ་བའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པའི་དགོས་འདུན་བཏོན་པའི་ལས་འགུལ་དེའི་ནང་ཞུགས་མཁན་མང་ཆེ་བ་སེར་ཤུལ་དགོན་པའི་དགེ་འདུན་པ་ཡིན་པ་རེད། ད་དུང་གནས་ཚུལ་གཞན་ཞིག་ལ། རྫ་ཆུ་ཁའི་འབུམ་སྙིང་སྡེ་དགོན་པ་གཉིས་ཀྱི་དགེ་འདུན་པ་དང་བཙུན་མ་གཙོ་བོར་བྱས་པའི་ཐོག་ས་གནས་མི་དམངས་འགའ་ཤས་མཉམ་ཞུག་བྱས་པ་ཁྱོན་མི་གྲངས་༣༠༠ཙམ་གྱིས་རྒྱ་ནག་གཞུང་གི་བོད་ཀྱི་སློབ་གསོའི་སྲིད་ཇུས་ཟེར་བ་དེར་རྔམ་སྟོན་ངོ་རྒོལ་གཅིག་མཚུངས་སྤེལ་ཡོད་པ་རེད། ཡིན་ནའང་གསར་འགྱུར་དེའི་ཐོག་ལ་རྒྱ་མིའི་ཉེན་རྟོག་པས་ལས་འགུལ་ནང་བཞུགས་མཁན་བོད་མིའི་ཐོག་ཉེས་རྡུང་བཏང་ཡོད་མེད་དང་འཛིན་བཟུང་བྱས་ཡོད་མེད་གནས་ཚུལ་གང་ཡང་བཀོད་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎