པེ་རིས་ནང་རྒྱ་གཞུང་ལ་ངོ་རྒོལ།
2013.07.31
༄༅། །ཟླ་བ་འདིའི་ཚེས་ ༢༨ ཉིན་ཕ་རན་སིར་གནས་འཁོད་བོད་རིགས་ཚོགས་པའི་གོ་སྒྲིག་འོག རྒྱལ་ས་པེ་རིས་ནང་རྟེན་གཞི་བྱེད་པའི་རྒྱ་ནག་གཞུང་ཚབ་མདུན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁྱོན་མི་གྲངས་ ༣༠༠ བརྒལ་བ་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དྲག་པོའི་སྲིད་བྱུས་ལ་ཞི་རྒོལ་ཆེད་སྐད་འབོད་དང་ས་གནས་མི་དམངས་ཁྲོད་བོད་དོན་ལ་སྔར་ལྷག་དོ་སྣང་ཡོང་ཆེད་ལས་འགུལ་ཞིག་སྤེལ་འདུག སྐབས་དེར་ལས་འགུལ་བ་རྣམས་ནས་ལག་ཏུ་བོད་ཀྱི་རྒྱལ་དར་དང་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་རྣམས་ཀྱི་འདྲ་པར། ཡིག་ཆེན་བཀོད་པའི་འཕྲེད་དར་སོགས་འཁྱེར་ཏེ་ཉིན་དེའི་ཕྱེད་ཡོལ་ཆུ་ཚོད་ ༤ ནས་དགོང་དྲོ་ཆུ་ཚོད་ ༨ ཙམ་བར་ཞི་རྒོལ་སྐད་འབོད་གནང་བའི་གནས་ཚུལ་ཐོན་འདུག།