ཨ་རིའི་ནང་བོད་སོག་རིག་གཞུང་བརྗེ་ལེན་དུས་སྟོན་ཚོཊ་པ།


2016.03.30
ཨ་རིའི་ནང་བོད་རིཊ་དང་སོག་རིཊ་ཀྱི་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིཊ་དབར་རིག་གཞུང་བརྗེ་ལེན་གྱི་དུས་སྟོན་ཚོགས་སྐབས། ༢༠༡༦།༣།༢༦ ཨ་རིའི་ནང་བོད་རིཊ་དང་སོག་རིཊ་ཀྱི་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིཊ་དབར་རིག་གཞུང་བརྗེ་ལེན་གྱི་དུས་སྟོན་ཚོགས་སྐབས། ༢༠༡༦།༣།༢༦
OOT

ཨ་རིའི་ནང་བོད་རིཊ་དང་སོག་རིཊ་ཀྱི་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིཊ་དབར་རིག་གཞུང་བརྗེ་ལེན་གྱི་དུས་སྟོན་ཚོགས་པ།
དེ་ཡང་འདི་ཟླའི་ཚེས་༢༦་ཉིན། ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། ཀལ་མུག་གཞོན་ནུའི་མཐུན་ཚོགས་ཐུང་མོང་གི་གོ་བསྒྲིགས་འོག་བོད་རིགས་དང་། སོག་རིགས། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཤར་པ་བཅས་དབར་རིག་གཞུང་བརྗེ་ལེན་གྱི་ཚུལ་དུ་དུས་སྟོན་ཞིག་ཚོགས་ཡོད་པ་དེའི་སྐབས་སུ། སྐུ་ཚབ་དོན་གཅོད་ཁང་གི་ཕྱིའི་འབྲེལ་མཐུད་འགན་འཛིན་བསྟན་འཛིན་དབྱིག་གཉེན་ལགས་ཆེད་བཅར་གནང་ནས་སྐུ་ཚབ་དོན་གཅོད་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་ཡོད་པའི་ནང་། བོད་རིགས་དང་སོག་རིགས་དེ་བཞིན་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་དབར་ལོ་རྒྱུས་ཐོག་ནས་མཐུན་སྒྲིལ་དམ་ཟབ་ཡོད་པ་རྣམས་གོང་མཐོར་གཏོང་རྒྱུ་ནི་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྒྱུན་གཏན་ནས་བཀའ་སློབ་ཕེབས་ཀྱི་ཡོད་རེད་ལ་སྐུ་ཚབ་དོན་གཅོད་ཁང་ནས་ཀྱང་མུ་མཐུད་ནས་སྤྱི་ཚོགས་ཕན་ཚུན་དབར་མཐུན་པོ་དང་འབྲེལ་ལམ་ཚགས་ཚུད་དུ་གཏོང་ཐབས་སུ་འབད་བརྩོན་གནང་གི་ཡོད་པ་དང་། ལྷག་པར་དུ་འདི་ལྟབུའི་ཕན་ཚུན་དུས་སྟོན་ཚོགས་ཏེ་རིག་གཞུང་བརྗེ་ལེན་བྱེད་རྒྱུའི་ལས་རིམ་ཡང་གོ་སྒྲིག་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
ཐེངས་འདིའི་དུས་སྟོན་སྐབས་སུ་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་ཆོལ་གསུམ་ཟློས་གར་དང་། བཀྲིས་ལྷུན་པོའི་དགེ་འདུན་པ་ཁག་ཅིག། དེ་བཞིན་བོད་རིགས་གཞས་པ་གཞས་མ་ཁག་ཅིག། དེ་བཞིན་ཤར་པ་དང་། ཀལ་མུག་མི་རིགས་ཀྱི་གཞས་སོགས་འཁྲབ་སྟོན་ཞུས་འདུག་ལ་མི་གྲངས་༢༠༠ཡས་མས་ཤིག་ནས་མཉམ་ཞུགས་གནང་འདུག།     

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎