ཨེ་ཙི་འགོས་ནད་སྔོན་འགོག་གི་གོ་རྟོགས་སྤེལ་བའི་དུས་དྲན།

བཞུགས་སྒར་རྡ་རམ་ས་ལར་བོད་མི་ཚོས་འཛམ་གླིང་གི་ཨེ་ཙི་འགོས་ནད་སྔོན་འགོག་གི་གོ་རྟོགས་སྤེལ་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།

2009.12.01

༄༅༎དེ་རིང་བཞུགས་སྒར་རྡ་རམ་ས་ལར་བོད་མི་ཚོས་འཛམ་གླིང་གི་ཨེ་ཙི་འགོས་ནད་སྔོན་འགོག་གི་གོ་རྟོགས་སྤེལ་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད། ཕྱི་ཟླ་བཅུ་གཉིས་པའི་ཚེས་གཅིག་གི་ཉིན་མོ་དེ་ནི་འཛམ་གླིང་ཨེ་ཙི་ཉིན་མོ་ཞེས་ཨེ་ཙི་འགོས་ནད་དེའི་ཐོག་ལ་མི་དམངས་ཚོར་གོ་རྟོགས་སེལ་བའི་ལས་འགུལ་ཞིག་འཛམ་གླིང་གི་ཡུལ་གྲུ་གང་སར་བསྲུ་བརྩི་ཞུ་བ་ཡིན་ཞིང་དེ་རིང་བཞུགས་སྒར་རྡ་རམ་ས་ལར་བོད་མི་ཚོས་རི་མོའི་སྒྱུ་རྩལ་དང་རྒྱུགས་འགྲས་སོགས་བྱེད་སྒོ་མི་འདྲ་སྤེལ་བའི་ཐོག་ནས་ས་གནས་མི་དམངས་ཚོར་ཨེ་ཙི་འགོས་ནད་དེའི་ནད་ཀྱི་ངོ་བོ་དང་འགོས་སྟངས། སྔོན་འགོག། སྨན་བཅོས་བཅས་ཀྱི་ཐོག་ལ་གོ་རྟོགས་སྤེལ་བ་བརྒྱུད་འཛམ་གླིང་ཨེ་ཙི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད། མི་དམངས་ལ་ཨེ་ཙི་འགོས་ནད་སྐོར་གྱི་ཤེས་བྱ་གོ་རྟོགས་སྤེལ་བའི་ལས་དོན་དེ་ནི་བཙན་བྱོལ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་སྒེར་གྱི་ཚོགས་པ་འདེམས་ཀ་ཞེས་པ་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་ལགས་ཀྱིས་དུས་ཆེན་དེར་དམིགས་བསལ་གྱིས་ཨེ་ཙི་འགོས་ནད་དེའི་ནད་འབུ་མི་གཅིག་ནས་གཅིག་ལ་འགོས་ཁྱབ་འགྲོ་བའི་འགྲོ་ལམ་ཁག་མི་འདྲ་བ་ངོ་སྤྲོད་གནང་བ་དང་འགོས་ནད་དེའི་སྔོན་འགོག་བྱེད་ཐབས་གལ་འགངས་ཆེན་པོ་ཡིན་པའི་ལམ་སྟོན་གྱི་གསལ་བསྒྲགས་ཞིག་ཀྱང་འགྲེམས་སྤེལ་གནང་ཡོད་པ་རེད། ད་དུང་ཁོང་གིས་སྤྱི་ཚོགས་ནང་དུ་ཨེ་ཙི་འགོས་ནད་དེའི་སྐོར་གྱི་ཤེས་བྱ་གོ་རྟོགས་མེད་པའི་རྐྱེན་གྱིས་མི་གཅིག་ནས་གཅིག་ལ་འགོས་ཁྱབ་འགྲོ་ལམ་གཙོ་བོ་ཡིན་པ་དང་ཨེ་ཙི་ནད་འབུ་འགོས་ཁྱབ་ཟིན་པའི་ནད་པ་ཚོ་ཡང་ན་ཚ་ཇེ་སྡུག་ཏུ་ཕྱིན་ཡོད་མེད་དུས་ཐོག་ཏུ་སྨན་ཁང་དུ་བརྟག་དཔྱད་དང་སྨན་བཅོས་བྱེད་པ་དགོས་པའི་སྐོར་གསུངས་ཡོད་པ་རེད། དེ་བཞིན་བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་དྲུང་ཆེ་ལས་ཚབ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཀྱང་ད་ལྟའི་འཆར་ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཨེ་ཙི་ནད་པ་ཉུང་ཉུང་ཡིན་པའི་སྐོར་དང་དེ་ནས་སྐུ་མགྲོན་གཙོ་བོར་གདན་ཞུ་བྱས་པའི་ཕྱི་ལོ་༢༠༠༩བོད་ཀྱི་བེུད་མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས་ཀྱིས་སྤྱི་ཚོགས་ནང་ཨེ་ཙི་ནད་པར་མཐོང་ཆུང་དང་ཁྱད་གསོད། དམའ་འབེབས་བྱེད་པ་སོགས་དབྱེ་འབྱེད་བྱེད་རྒྱུ་མེད་པའི་སྐོར་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎