འཕན་པོ་ལྷུན་གྲུབ་རྫོང་ནས་བོད་མི་བཙན་བཤེད་ཀྱི་ཐོག་ནས་གནས་སྤོས་བྱས་པ།


2019.04.27
འཕན་པོ་ལྷུན་གྲུབ་རྫོང་ནས་བོད་མི་གནས་སྤོས་བྱས་པ། རྒྱ་ནག་གཞུང་གིས་འཕན་པོ་ལྷུན་གྲུབ་རྫོང་ནས་བོད་མི་བཙན་བཤེད་ཀྱི་ཐོག་ནས་གཞིས་སྤོས་བྱེད་བཅུག་པ་རྣམས་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག
Photo: RFA

བོད་མི་ཚོ་འདོད་པ་མེད་བཞིན་དུ་རྒྱ་ནག་གཞུང་གི་༢༠༡༧་ལོ་ནས་བཟུང་ འཕན་པོ་ལྷུན་གྲུབ་རྫོང་གི་བོད་མི་ཞིང་འབྲོག་པ་ས་གནས་ནས་ལྷ་ས་གྲོང་ཁྱེར་གྱི་ཤར་ངོས་སུ་ཡོད་པའི་ཚལ་གུང་ཐང་དུ་གནས་སྤོས་བྱེད་དགོས་པའི་བཙན་བཀའ་འོག་ད་ལྟ་འཕན་པོ་ལྷུན་གྲུབ་རྫོང་ནས་གནས་སྤོ་བྱེད་མཁན་གྱི་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་སྐོར་བོད་ནས་འབྲེལ་ཡོད་མི་སྣའི་གནས་ཚུལ་ངོ་སྤྲོད་གནང་སོང༌།

ས་གནས་བོད་མི་ཚོ་འདོད་པ་མེད་བཞིན་དུ་བཙན་དབང་གི་འོག་ལྷ་ས་ཀུ་རུ་ཟམ་པ་འོག་ནས་གནས་སྤོས་བྱས་པའི་བོད་མི་ས་མ་འབྲོག་དེ་དག་ད་ལྟ་རྒྱ་ནག་གཞུང་གིས་སྤྲད་པའི་ཁང་མིག་གཉིས་གསུམ་ཙམ་གྱི་ནང་ལ་མི་གྲངས་བཅུ་ཙམ་མཉམ་བསྡོད་བྱེད་དགོས་ཀྱི་ཡོད་པ་བརྟེན་། གུ་སུབ་དོག་པོ་དང་འཚང་ཁ་ཤིག་ཤིག་སྡོད་དགོས་ཀྱིས་མི་ཚོ་སྐྱིད་པོ་མེད་ཅིང་གྲོང་འཁྱེར་གྱི་འཚོ་བ་སྐྱེལ་རྒྱུ་ཆ་རྐྱེན་མ་འདེངས་པའི་བོད་མི་ཚོར་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་འདུག

དེ་སྔ་ལྟར་འཚོ་བ་སྐྱེལ་ས་གང་ཡང་མེད་པའི་ཐོག་ད་ལྟ་དཀའ་ངལ་གང་འཕྲད་ཀྱང་ཞུ་གཏུགས་བྱེད་ས་མེད་པ་དང་།ཞུ་གཏུགས་བྱས་ན་ཁྲིམས་འགལ་རེད་ཅེས་ཚུར་ཁ་བརྡུང་ཕོག་གི་ཡོད་འདུག

བོད་མི་འདི་དག་ལ་འཕན་པོ་ལྷུན་གྲུབ་རྫོང་དུ་རྒྱ་ནག་གཞུང་གིས་འཛུགས་བསྐྲུན་གྱི་ལས་གཞི་མང་པོ་ཞིག་སྤེལ་གྱི་ཡོད་སྟབས། བོད་མི་ཚོར། ཁྱེད་ཚོ་འདིར་བསྡོད་ཆོག་གི་མ་རེད་བཅས་བཙན་བཤེད་ཀྱི་ཕྱིར་འབུད་བཏང་ཡོད་པ་དང་སྐབས་དེ་དུས་ཁོང་ཚོའི་སྒོ་ཕྱུགས་སེམས་ཅན་ཡོངས་རྫོག་ཁེ་སང་གང་ཡང་མེད་པའི་ཐོག་ནས་ཚོང་བསྒྱུར་བྱེད་དགོས་བྱུང་ཡོད་འདུག།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎