བལ་ཡུལ་དུ་རྒྱ་ནག་གི་གནོན་ཤུགས་འོག་བོད་མིར་དམ་བསྒྲགས།

བལ་ཡུལ་གྱི་གཞུང་འཛིན་མི་སྣ་ཚོས་བལ་ཡུལ་ནང་གནས་སྡོད་བོད་མི་ཚོའི་ཐོག་དམ་བསྒྲགས་ཆེ་རུ་བཏང་ཡོད་པའི་རྟགས་མཚན་གསར་པ།

2009.10.07

༄༅༎བདུན་ཕྲག་སྔོན་མ་རྒྱ་ནག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་དྲུག་བཅུ་འཁོར་བའི་རྟེན་འབྲེལ་དགའ་སྟོན་རྒྱ་ཆེ་བྱས་པའི་སྐབས་དེར་བལ་ཡུལ་ནང་བལ་པོའི་ཉེན་རྟོག་པ་ཚོས་བོད་མིས་རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུའི་འཆར་གཞི་གཏིང་བའི་ཁ་ཉེས་འོག་བོད་མི་མང་པོ་འཛིན་བཟུང་བྱས་ཡོད་པ་རེད།

རྒྱལ་ས་ཀཐ་མན་དྲུའི་ནང་ཞོགས་པ་སྔ་པོ་བོད་མི་མང་པོ་ཞིག་རང་ཁྱིམ་ནས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་བ་དེ་ནི་བལ་ཡུལ་གྱི་གཞུང་འཛིན་མི་སྣ་ཚོས་བལ་ཡུལ་ནང་གནས་སྡོད་བོད་མི་ཚོའི་ཐོག་དམ་བསྒྲགས་ཆེ་རུ་བཏང་ཡོད་པའི་རྟགས་མཚན་གསར་པ་ཞིག་ཡིན་པ་རེད།

བལ་ཡུལ་ནང་བོད་མི་ཁྲི་གཉིས་ཙམ་གནས་སྡོད་བྱེད་བཞིན་ཡོད་པ་དང་༡༩༩༠གོང་ལ་འབྱོར་བའི་བོད་མི་ཚོ་བལ་ཡུལ་ནང་གཏན་སྡོད་ཆོག་པ་མ་ཟད་བོད་མི་མང་པོ་ཞིག་གིས་རུམ་གདན་ལ་སོགས་པའི་ཚོང་ལས་ཀྱང་གཉེར་བཞིན་ཡོད་པ་རེད། འོན་ཀྱང་ཉེ་བའི་ཟླ་ཤས་ནང་རྒྱ་ནག་གཞུང་གིས་བལ་ཡུལ་ཐོག་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པའི་རྐྱེན་གྱིས་བལ་ཡུལ་ནང་གི་བོད་མི་ཚོའི་འཚོ་བར་དོ་ཕོག་ཐེབས་བཞིན་ཡོད་སྐོར་ས་གནས་བོད་མི་ཚོས་བརྗོད་བཞིན་ཡོད་པ་རེད།

བོད་པའི་ལག་ཤེས་དངོས་རྫས་ཚོང་མཁན་གྱི་ཚོང་པ་ཚེ་རིང་དོན་གྲུབ་ཀྱིས་ཕེ་རན་སི་གསར་ལས་ཁང་གི་གསར་འགོད་པར་རྣམ་ཀུན་ཡིན་ན་ཁ་རང་གནས་སྡོད་བྱེད་སའི་ཁུལ་དུ་བལ་པོའི་ཉེན་རྟོག་པ་རེ་བཟུང་མ་གཏོགས་མེད་ནའང་དེང་སང་ཉེན་རྟོག་པ་མང་དུ་བཏང་ནས་ཉིན་ལྟར་སྐོར་གཡེངས་རྒྱབ་པ་དང་བོད་མི་ཚོར་དྲི་ཞིབ་བྱེད་ཀྱི་ཡོད་པ་དེས་བོད་མི་མང་པོ་ཞིག་གནས་བཟོད་མི་བདེ་བ་བཟོས་ནས་ཉིན་ཚན་འཇིགས་སྣང་ངང་སྡོད་དགོས་ཐུག་གི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

དེ་བཞིན་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་སྐལ་བཟང་དོན་གྲུབ་ལགས་ཀྱིས་དེང་སང་བལ་ཡུལ་ནང་བོད་རང་བང་ཞེས་བརྗོད་ཚིག་འཁོད་པའི་སྟོད་ཐུང་གྱོན་མཁན་ཚོ་བལ་པོའི་ཉེན་རྟོག་པས་འཛིན་བཟུང་བྱ་རྒྱུའི་ཉེན་ཁ་ཡོད་པ་མ་ཚད་བལ་པོའི་ཉེན་རྟོག་པས་ཁོང་ལ་ཉིན་ལྟར་ཁ་པར་ཐོག་ནས་གར་ཡོད་རྩད་ཞིབ་བྱེད་ཀྱི་ཡོད་སྐོར་བརྗོད་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎