བོད་ནང་བོད་མི་ཚོའི་ཐོག་དམ་བསྒྲགས་བྱེད་བཞིན་ཡོད་པ།
2008.11.22
༄༅༎རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་ནས་བོད་མི་ཚོའི་ཐོག་དམ་བསྒྲགས་རྡུང་བརྡེག་གཏོང་བཞིན་ཡོད་པའི་སྐོར་གཟའ་འཁོར་འདིའི་ནང་བོད་ནས་རྒྱ་གར་དུ་བྲོས་བྱོལ་ལ་འབྱོར་བ་བོད་མི་སློབ་ཕྲུག་ཁག་ཅིག་གིས་འགྲེལ་བརྗོད་བྱས་འདུག
དེ་ཡང་རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཚོར་དེང་སྐབས་རྒྱུན་དུ་ནས་ཉེས་རྡུང་བཏང་བ་དང་དེ་བཞན་མཚན་མོ་བོད་མིའི་ཁང་པའི་ནང་སྔོག་བཤེར་བྱས་པ་མ་ཟད་བོད་མི་བརྒྱ་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་བ་སོགས་བོད་ནང་རྒྱ་ནག་གཞུང་གིས་མུ་མཐུད་ནས་དྲག་གནོན་བྱེད་བཞིན་ཡོད་པ་དང་བོད་ནང་གི་ས་ཁུལ་མང་པོའི་ནང་ཉེན་རྟོག་དམག་མི་གང་སར་བཀྲམ་ནས་བོད་མི་ཚོར་དམ་བསྒྲགས་བརྟག་དཔྱད་བྱས་ནས་ཐ་ན་བོད་མི་ཚོས་༸གོང་ས་མཆོག་གི་མཚན་འབོད་པ་ཙམ་གྱིས་འཛིན་བཟུང་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་བྱས་འདུག་ལ་ད་རེས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བེུད་མཚོ་མོ་ཞེས་པས་རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པར་བརྗོད་དོན་ལྟར་ན་ཁོ་མོའི་ཨ་ཞང་རང་ཁྱིམས་ནས་ཉེན་རྟོག་དམག་མིས་འཛིན་བཟུང་བྱས་ནས་ཉེས་རྡུང་ཚད་མེད་བཏང་སྟེ་ཁྲིད་ནས་དུས་ཡུན་རིང་པོ་རྩལ་རྙེད་མ་ཐུབ་པར་རྗེས་སུ་ཁོང་བཙོན་ཁང་ནང་རྐྱེན་འདས་སུ་ཕྱིན་པའི་སྐོར་འགྲེལ་བརྗོད་བྱས་འདུག
བོད་ནས་བྲོས་བྱོལ་དུ་ཕེབས་མཁན་གྱི་སློབ་ཕྲུག་ཚོས་བརྗོད་ན་ད་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ས་ཡོངས་སུ་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱེན་ལངས་བྱས་པའི་རྗེས་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་དམ་བསྒྲགས་བྱེད་ཡས་ཤུགས་ཆེ་རུ་བཏང་ནས་བོད་མི་མང་པོ་འཛིན་བཟུང་བྱས་པ་དང་བཙོན་འཇུག་བྱས་པའི་བོད་མི་མང་པོ་རྐྱེན་འདས་སུ་ཕྱིན་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག