གཞོན་ནུ་ལྷན་ཚོཌ་ནས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལ་རྗེས་དྲན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་བསྒྲིགས་འོག་བོད་མིའི་འདུ་སྡོད་གང་སར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་རྗེས་དྲན་ཞུས་ཡོད་འདུག

2009.04.30

༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་བསྒྲིགས་འོག་བོད་མིའི་འདུ་སྡོད་གང་སར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་རྗེས་དྲན་ཞུས་ཡོད་འདུག

དེ་སྔ་ཕྱི་ལོ་༡༩༩༨ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་དགུའི་ཉིན་རྒྱལ་ས་ལྡི་ལིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་བསྒྲིགས་འོག་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཁོངས་སུ་ཞུགས་མཁན་ཐུབ་བསྟན་དངོས་གྲུབ་ལགས་ནས་བོད་ཀྱི་རྩ་དོན་ཆེད་རང་གི་ལུས་པོ་མེར་བསྲེགས་བཏང་ནས་ལོ་ངོ་བཅུ་གཅིག་འཁོར་གྱི་ཡོད་པའི་དུས་ཚིགས་འདི་བཞིན་ལོ་ལྟར་དཔའ་བོའི་ཉིན་མོ་ཞེས་སྲུང་བརྩི་ཞུ་གི་ཡོད་པ་ལྟར་ཁ་ས་ཡང་བཞུགས་སྒར་རྡ་རམ་ས་ལ་གཙོས་བོད་མིའི་འདུ་སྡོད་གང་སར་སྲུང་བརྩི་ཞུས་ཡོད་འདུག

དེ་ཡང་ཁ་ས་རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་ཁུལ་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་དབུས་གཙང་སྤྱི་འཐུས་ལས་ཐོག་ཀརྨ་ཆོས་འཕེལ་ལགས་ནས་གསུངས་བཤད་གནང་བའི་ནང་དེ་རིང་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་གཙོས་བོད་ནང་གི་དཔའ་བོ་དཔའ་མོ་ཚང་མའི་མཛད་རྗེས་ལ་དྲན་གསོ་ཞུས་པ་དང་ཆབས་ཅིག་ཚང་མས་རྩ་དོན་དང་ལྷག་པར་དུ་བོད་ནང་སྡུག་སྦྱོང་མྱོང་བཞིན་པའི་བོད་མི་ཚོའི་ཆེད་རང་རང་སོ་སོའི་ནུས་པ་གང་ཡོད་ཀྱི་ཐོག་ནས་འཐབ་རྩོད་རྒྱུན་འཁྱོངས་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་འདུག

དེ་དང་ཕྱོགས་མཚུངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དང་ས་གནས་གཞོན་ནུའི་འབྲེལ་ཡོད་བཅས་ནས་དུས་དྲན་ངོ་སྤྲོད་དང་ཚང་མས་མུ་མཐུད་ནས་རང་སྲོག་བློས་བཏང་མཁན་རྣམས་ཀྱི་མཛད་རྗེས་ལ་གུས་བརྩི་དང་རང་ངོས་ནས་ཀྱང་བོད་ཀྱི་བདེན་མཐའ་མ་སེལ་བར་ལས་འགུལ་སྤེལ་དགོས་ལུགས་འབོད་སྐུལ་གནང་ཡོད་འདུག དེ་ནས་ཁ་ས་དགོང་དྲོ་ས་གནས་གཞོན་ནུས་གོ་བསྒྲིགས་འོག་མར་མེའི་ཁྲོམ་སྐོར་ཞིག་ཀྱང་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎