རྒྱལ་བ་ཀརྨ་པ་དགུང་ལོ་ཉེར་ལྔར་ཕེབས་པའི་འཁྲུངས་སྐར།
2009.06.27
༄༅༎ཟླ་བ་འདིའི་ཚེས་ཉི་ཤུ་དྲུག་གཟའ་པ་སངས་ཉིན་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་ཉེར་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་དྲན་འཁེལ་ཡོད་པ་རེད།
དེའི་ཉིན་བཞུགས་སྒར་རྡ་རམ་ས་ལའི་རྒྱུད་སྟོད་ར་མོ་ཆེའི་གཙུག་ལག་ཁང་དུ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་སྐུ་ཉིད་དབུ་བཞུགས་ཐོག་རིན་པོ་ཆེའི་སྐུའི་འཁྲུངས་སྐར་དུས་དྲན་སྲུང་བརྩི་ཞུ་བར་འཛམ་གླིང་གི་ས་ཁུལ་འདྲ་མིན་ཁག་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་སྨོན་ལམ་གསོལ་འདེབས་གནང་བཞིན་པའི་ངང་རྒྱུད་སྟོད་ར་མོ་ཆེའི་གཙུག་ལག་ཁང་གི་མཁན་རིན་པོ་ཆེས་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་མན་ཌལ་རྟེན་གསུམ་འབུལ་བཞིན་དུ་རིན་པོ་ཆེར་བརྟན་བཞུགས་ཕུལ་ཡོད་པ་དང་དེ་རྗེས་འགོ་བཤིར་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་མུ་མཐུད་དེ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་མན་ཌལ་རྟེན་གསུམ་བསྟར་འབུལ་ཞུས་རྗེས་བརྟན་བཞུགས་གསོལ་འདེབས་འབུལ་གནང་མཛད་ཡོད་པ་རེད། རྒྱལ་བ་ཀརྨ་པ་རིན་པོ་ཆེ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་ཉེར་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོར་བླ་ཆེན་ཁག་དང་བཀའ་ཤག་ལྷན་ཁང་གི་ཕྱོགས་ནས་ཆོས་རིག་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་མགོན་པོ་ཕུལ་ཚོགས་ལགས་ཀྱིས་མན་ཌལ་རྟེན་གསུམ་བསྟར་འབུལ་དང་བཀྲ་ཤིས་པའི་རྟེན་འབྲེན་གསུང་འཕྲིན་ཕུལ་ཡོད་པ་རེད། དེ་ག་ནང་བཞིན་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་བོད་མི་མང་སྤྱི་འཐུས་ལྷན་ཁང་།དཔལ་འབྱོར་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་།རྡ་རམ་ས་ལའི་ས་གནས་སྐུ་ཚབ་སོགས་ཀྱིས་འཁྲུངས་སྐར་མཛད་སྒོར་མཉམ་བཞུགས་གནང་ཡོད་པ་རེད༎