ཨུ་རུ་སུ་སོགས་སུ་གསུམ་བཅུའི་དུས་དྲན་སྲུང་བརྩི།

ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཁག་ཅིག་ནང་འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་༥༣་སྲུང་བརྩི་གཟབ་རྒྱས་ཞུས་བཞག

2012.03.12

༄༅༎ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་མོ་སི་ཀོ་ཐེ་བའི་ས་ཁུལ་ཁག་གི་གྲོང་ཁྱེར་ཁག་ཅིག་ནང་འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་༥༣་སྲུང་བརྩི་གཟབ་རྒྱས་ཞུས་བཞག དེ་ཡང་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་ནང་དེ་ཉིན་གསུམ་བཅུའི་དུས་དྲན་གྱི་མཛད་སྒོའི་ཐོག་ མོ་སི་ཀོར་རྟེན་གཞི་བྱས་པའི་བླ་མ་ཙོང་ཁ་པ་ནང་པའི་ཆོས་ཚོགས་ཀྱི་གཙོ་འཛིན་མཆོག་གིས་ ཐོག་མར་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ཏེ་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་འདུག་ལ་ ཁོང་གིས་བོད་མི་རིགས་ཀྱི་དོན་དུ་རང་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་ མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་ཞུས་བཞག དབུས་བོད་མིའི་སྒྲིག་འཛུགས་ཀྱི་ ཨུ་རུ་སུ་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ངོ་བོའི་སྐོར་ངོ་སྤྲོད་གནང་བཞག།  གཞན་ཡང་དུས་དྲན་དང་སྟབས་བསྟུན་ཕྱི་ལོ་༢༠༠༩ལོ་ནས་ད་བར་བོད་རིགས་ཀྱི་དོན་དུ་བོད་མི་༢༦གིས་རང་ལུས་མེར་སྲེག་བཏང་ཡོད་པ་ཁོང་རྣམས་ལ་གུས་བཀུར་ཞུས་བཞག། རྒྱལ་ས་མོ་སི་ཀོ་ནང་གསུམ་བཅུའི་དུས་དྲན་གྱི་མཛད་སྒོའི་སྐབས་བོད་མི་དང་ཨུ་རུ་སུའི་ནང་པ་ཁག་ཅིག་དེ་བཞིན་ཨུ་རུ་སུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་ནས་མཉམ་ཞུགས་གནང་བཞག།
གཞན་ཡང་ཨུ་རུ་སུའི་གྲོང་ཁྱེར་སན་པི་ཌར་སྦག་ཏུ་བོད་དོན་རྒྱབ་སྐྱོར་བ་ལྕམ་ཨེ་ལི་ན་ཀིམ་ལགས་དང་ཌེ་ནིལ་ཀྲེ་རེན་ཀྲེལྦ་ དེ་བཞིན་ཨར་ཀིརིས་ཀྲེན་ལགས་བཅས་ཀྱིས་དབུ་ཁྲིད་དེ་ཨུ་རུ་སུ་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨུ་རུ་སུར་ཕེབས་རྒྱུར་ཐོངས་མཆན་འབུལ་དགོས་པ་དང་ བོད་ལ་རང་དབང་དགོས་པ་སོགས་ཀྱི་སྦྱར་ཡིག་ལག་ཏུ་འཁྱེར་ཏེ་ལས་འགུལ་སྤེལ་བཞག།
ཡང་ཁལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཨེ་ལེསི་ཀྲ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་རྒྱལ་སའི་ནང་འཛོམས་ནས་རང་ལུས་མེར་སྲེག་གཏོང་མཁན་བོད་མི་༢༦ཀྱི་འདྲ་པར་ལག་ཏུ་འཁྱེར་ཏེ་སྨོན་ལམ་གསུང་འདོན་གནང་བཞག། སྐབས་དེར་བོད་ཀྱི་གྲོགས་པོ་ཞེས་པའི་ཚོགས་གཙོ་ཨན་ཀྲོ་ནི་ན་ཀུ་ཀོ་ལྦ་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་ཨུ་རུ་སུའི་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པ་དེ་སྒྲོགས་སྦྱང་གནང་བཞག། དེ་བཞིན་ཐུ་ལྦ་དང་སྦུར་ཡ་བཅས་ཡུལ་གཉིས་ཀྱི་རྒྱལ་སའི་ནང་དུའང་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་༥༣སྲུང་བརྩི་ཞུ་ཆེད་ཟས་བཅད་ངོ་རྒོལ་དང་མཆོད་འབུལ་སྨོན་ལམ་སོགས་ལས་འགུལ་འདྲ་མིན་སྣ་ཚོགས་ཤིག་སྤེལ་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎