ཞབས་ཞུའི་རྣམ་གྲངས་དགུའི་ཐོག་ནས་རོགས་རམ་གནང་རྒྱུ།


2016.11.18
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་གནང་སྐབས། ༢༠༡༦།༡༡།༡༨ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་གནང་སྐབས། ༢༠༡༦།༡༡།༡༨
ཨྱོན་བསྟན་འཛིན།/RFA

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དུས་འཁོར་དབང་ཆེན་སྐབས་ཆོས་ཞུ་བ་ཚོར་ཞབས་ཞུའི་རྣམ་གྲངས་དགུའི་ཐོག་ནས་རོགས་རམ་གནང་རྒྱུ་རེད།
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཆར་ལོའི་ཕྱི་ཟླ་དང་པོའི་ནང་། རྒྱ་གར་ནང་གི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤་པ་དེ་སྩལ་གནང་མཛད་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འཆར་ཅན་ལྟར་ཆོས་ཞུ་བ་དང་གནས་མཇལ་བ་རྣམས་ལ་སྤྱི་ཚོགས་ཞབས་ཞུའམ་མཐུན་འགྱུར་རོགས་རམ་ཞུ་ཕྱོགས་སྐོར་དེ་རིང་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་བསྒྲགས་གནང་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གནང་བའི་གསར་འགོད་བསྒྲགས་དེ་གཙོ་བོ་སྡེ་ཚན་དགུ་ལ་དབྱེ་བ་ཕྱེ་གནང་འདུག་པས།
སྡེ་ཚན་དང་པོ་གསལ་བསྒྲགས་ཁང་དེ་ནི་གཙོ་བོ་གསུང་ཆོས་ཀྱི་མཛད་རིམ་དང་ཆོས་ཞུ་བ་མི་མང་གི་གལ་ཆེའི་གསལ་བསྒྲགས་དང་། བོར་བརླགས་སོང་བ་བརྙེད་སོན་བྱུང་བའི་དངོས་པོའི་རིགས་དོ་བདག་སོ་སོར་འཕྲོད་ཐབས་དང་། དེ་བཞིན་ཆོས་ཞུ་བའི་འཕྲོད་བསྟེན་དང་བདེ་འཇགས་སོགས་ལ་ཡིད་གཟབ་དགོས་པའི་ནན་སྐུལ་སོགས་ཀྱི་གསལ་བསྒྲགས་ཞུ་རྒྱུ་དང་།
སྡེ་ཚན་གཉིས་པ་བོད་ནས་གསར་དུ་ཕེབས་མཁན་རྣམས་བཞུགས་ཡུལ་སྣེ་ལེན་ཁང་དུ་དངས་བླངས་ཁག་གཅིག་གཏན་སྡོད་ཀྱིས་ཕྱག་རོགས་གནང་རྒྱུ།
སྡེ་ཚན་གསུམ་པ་ཆོས་ཞུ་བ་སུ་འདྲ་ཞིག་ལ་ཡང་ཛ་དྲག་གི་རོགས་དགོས་ཚེ་ཉིན་མཚན་མེད་པར་ཕྱག་རོགས་ཞུ་རྒྱུ།
སྡེ་ཚན་བཞི་པ་མེ་འཁོར་སོགས་བབ་ཚུགས་ཁག་ལ་ཆོས་ཞུ་བ་རྣམས་ལམ་ནོར་དང་བོར་བརླགས་སོགས་མི་ཡོང་བ་དང་སྐད་བསྒྱུར། ལོ་ན་མཐོ་ཞིང་ཕྱག་རོགས་མེད་པ་ཚོར་ཕྱག་རོགས་སྣེ་ལེན་ཞུ་རྒྱུ།
སྡེ་ཚན་ལྔ་བ་གྲེས་སོང་དང་ཉམ་ཐག་རིགས་ལ་ཕྱག་རོགས་ཞུ་རྒྱུ་མ་ཟད།
སྡེ་ཚན་དྲུག་པ་མི་མང་སྡོད་གུར་ཁག་ལ་ཉིན་མཚན་མེད་པར་སྲུང་སྐྱོབ་ཞུ་རྒྱུ། སྡེ་ཚན་བདུན་ནད་མནར་རིགས་བྱུང་ཚེ་དགོས་ངེས་ཀྱི་རོགས་རམ་དང་སྨན་ཁང་དུ་སྐད་སྒྱུར་སོགས་ཀྱི་ཞབས་ཞུ་སྒྲུབ་རྒྱུ།
སྡེ་ཚན་བརྒྱད་པ་ནད་མནར་སོགས་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་ཚེ་འདས་པོའི་ནང་མིའི་རེ་འདོད་གཞིར་བཟུང་སྐུ་ཕུང་ཞུགས་འབུལ་སོགས་ཀྱི་རོགས་རམ་ཞུ་རྒྱུ།
སྡེ་ཚན་དགུ་པ་ཕྱག་རོགས་མེད་མཁན་གྲེས་སོང་རྣམས་ལ་དམིགས་བསལ་དང་བླངས་ཆེད་འཛུགས་ཀྱིས་གསུང་ཆོས་ར་བའི་བར་འཁོར་ལྡན་ཞབས་བཀྱག་(Wheel Chair)ནང་འཁྲིད་གནང་རྒྱུ་ཡིན་པ་མ་ཟད། དུས་དབང་སྐབས་ཛ་དྲག་འབྲེལ་མཐུད་ཞུ་སའི་ཞལ་པར་ཨང་གྲངས་མི་འདྲ་གཉིས་གསལ་བསྒྲགས་གནང་འདུག་པ་དེ་དག་ནི་༧༢༦་༡༨༤་༡༨༧༧་དང་། ༩༩༠་༦༨༢་༧༤༤༤་བཅས་ཡིན་པ་དང་དེ་དག་ལ་འདི་ལོའི་ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་ནས་འབྲེལ་བ་གནང་ཆོག་པའི་ཆ་རྐྱེན་བསྐྲུན་གནང་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎