བོད་མི་རྩོམ་པ་པོ་ཀུན་དགའ་ཚེ་དབྱངས་ལ་བཙོན་བཅུག་ཉེས་ཆད།

བོད་ནང་རྩོམ་པ་པོ་དང་པར་པ་ཀུན་དགའ་ཚེ་དབྱངས་ལགས་ལ་བཙོན་བཅུག་ཉེས་ཆད་བཀལ་ཡོད་འདུག

2009.11.19

༄༅༎བཞུགས་སྒར་ཁུལ་རྟེན་གཞི་བྱེད་པའི་བོད་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཁྱབ་སྤེལ་ལྟེ་གནས་ཁང་ནས་གསལ་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། བོད་ཀྱི་ཨ་མདོ་བླ་བྲང་བཀྲིས་འཁྱིལ་ནས་ཡིན་པའི་དགེ་འདུན་པ་ཀུན་དགའ་ཚེ་དབྱངས་ལགས་ལོ་འདིའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱེེད་དགོས་པའི་རྒྱུ་མཚན་ནི་ཁོང་གིས། དྲ་རྒྱའི་ནང་

ཆབ་སྲིད་དང་འབྲེལ་བའི་རྩོམ་བྲིས་མང་པོ་སྤེལ་ཡོད་ལུགས་ཉེས་བཙུགས་བྱས་ཡོད་འདུག

ཀུན་དགའ་ཚེ་དབྱངས་ལགས་ནི་གོ་ལོག་མངའ་ཁུལ་དུ་ཆིག་བསྒྲིལ་ས་གནས་ནས་ཡིན་པ་དང་རྒྱུན་གཏན་ནས་རྩོམ་བྲིས་དང་། རང་བྱུང་ཁོར་ཡུག་དང་རི་དྭགས་གཅན་གཟན་སོགས་ལ་དོ་དབྱིངས་དང་པར་རྒྱབ་རྒྱུར་ཧ་ཅང་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན་འདུག་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་ཞིག་གི་ནང་ཞོར་ལས་གནང་གི་ཡོད་འདུག

ཁོང་ནས་རྩོམས་བྲིས་སྤེལ་བའི་འགོ་བརྗོད་དུ་ཁ་བྲལ་ངོ་མ་སུ་ཡིན་ཞེས་པ་དང་། བདེ་འཇགས་དང་བརྟན་ལྷིང་མེད་པ་བཟོ་མཁན་ངོ་མ་སུ་རེད་དམ། ངོ་རྒོལ་སྐུལ་སློང་བྱེད་མཁན་སུ་ཡིན་མིན་ཞེས་པ་སོགས་རྩོམས་བྲིས་སྤེལ་བ་བཅས་ལ་བརྟེན་འདི་ཚེས་བཅུ་གཉིས་ཉིན་ཁོང་ལ་ཀན་ལྷོ་འབྲིང་རིམ་ཁྲིམས་ཁང་ནས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་བཙུགས་འོག་ལོ་ངོ་ལྔའི་ཁྲིམས་ཆད་བཀལ་ཡོད་འདུག།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས། རྒྱ་ནག་གཞུང་ནས་ཁོང་དང་འདྲ་བའི་བོད་མི་ཚོའི་ཐོག་ཁྲིམས་བཤེར་ལུགས་དང་མཐུན་པ་ཞིག་མེད་པའི་ཐོག་ནས་ཉེས་ཆད་བཀལ་བར་བློ་འཚབ་ཡོད་ལུགས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎