རྩོམ་པ་པོ་བཀྲ་ཤིས་རབ་ལྡན་ལ་ལོ་བཞིའི་བཙོན་ཁྲིམས།

ཤར་དུང་རི་དུས་དེབ་ཀྱི་རྩོམ་པ་པོ་བཀྲ་ཤིས་རབ་ལྡན་ལགས་སུ་རྒྱ་གཞུང་གིས་ལོ་བཞིའི་ཁྲིམས་ཆད་བཅད།

2011.07.02

༄༅༎བོད་མདོ་སྨད་རྔ་པ་ནས་ཡིན་པའི་ཤར་དུང་རི་དུས་དེབ་ཀྱི་རྩོམ་པ་པོ་སྨྱུག་མིང་ལ་ཐེར་རང་ཞེས་འབོད་པའི་བཀྲ་ཤིས་རབ་ལྡན་ལགས་ཟི་ཁྲོན་ཞིང་ཆེན་རྔ་པ་ས་གནས་འབྲིང་རིམ་ཁྲིམས་ཁང་གིས་ཕྱི་ཟླ་དྲུག་པའི་ཚེས་༢ཉིན་བཙོན་འཇུག་ལོ་བཞིའི་ཁྲིམས་ཐག་བཅད་ཡོད་པའི་སྐོར་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཟའ་སྤེན་པའི་ཉིན་གནས་ཚུལ་ཕྱིར་བསྒྲགས་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྩོམ་པ་པོ་བཀྲ་ཤིས་རབ་ལྡན་ལགས་ལ་རྒྱ་ནག་ཁྲིམས་ཁང་ནས་ཉེས་བཙུགས་ག་རེའི་ཐོག་ནས་ཁྲིམས་ཐག་བཅད་པའི་སྐོར་ཞིབ་ཕྲ་གསལ་བཤད་གནང་མེད་ཀྱང་།བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་འབྲེལ་ཡོད་མི་སྣས་གནས་ཚུལ་བརྗོད་པ་ལུང་འདྲེན་བྱས་ཡོད་པའི་ནང་། རྩོམ་པ་པོ་བཀྲ་ཤིས་རབ་ལྡན་ལགས་སུ་རྒྱ་ནག་ཁྲིམས་ཁང་གིས་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུར་སྐུལ་སློང་བྱས་པའི་ཉེས་བཙུགས་འོག་ཁྲིམས་བཅོད་བྱས་པའི་སྐོར་འཁོད་ཡོད་འདུག ད་ལོ་རང་ལོ་༢༥ར་ཕེབས་ཀྱི་ཡོད་པའི་རྩོམ་པ་པོ་བཀྲིས་རབ་ལྡན་ལགས་ན་ནིང་ཕྱི་ཟླ་བཞི་པའི་ནང་ལན་ཀྲའུ་ལྷོ་བྱང་མི་རིགས་སློབ་གྲ་ཆེན་པོ་ནས་སློབ་མཐོན་མ་གནང་སྔོན་ཙམ་དུ་ཤར་དུང་རི་དུས་དེབས་ཐོག་བོད་དོན་སྐོར་གྱི་རྩོམ་ཡིག་སྤེལ་བའི་རྐྱེན་གྱིས་འཛིན་བཟུང་བྱས་ནས་། ད་བར་ཁོང་གི་གནས་ཚུལ་གང་ཡང་ཕྱི་ཕྱོགས་ནས་ཤེས་རྟོགས་བྱུང་མེད་ཅིང་། བཀྲིས་རབ་ལྡན་ལགས་བཙོན་འཇུག་མ་བྱས་སྔོན་ཁྲག་གི་བྲིས་པའི་དེབ་ཤིག་ཡང་བཏོན་གནང་མྱོང་ཡོད་པ་རེད། ཤར་དུང་རི་དུས་དེབ་ཅེས་པ་དེས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ནང་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བྱུང་བའི་ཞི་བའི་ངོ་རྒོལ་གྱི་གནས་ཚུལ་སྐོར་འགྲེམས་སྤེལ་བྱས་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་དེབ་དེ་རིགས་ཕྱིར་འགྲེམས་སྤེལ་བྱ་རྒྱུར་བཀག་སྡོམ་ནན་པོ་བྱས་ཡོད་ཀྱང་། དེབ་ཁག་ཅིག་བོད་ཀྱི་ཤར་ཕྱོགས་ཨ་མདོ་དང་ཁམས་ཁུལ་དུ་ཕྱིར་གྱར་ཐུབ་ཡོད་པ་རེད། ཕ་རན་སི་གསར་འགྱུར་རྒྱུད་ལམ་གྱིས་བཀྲ་ཤིས་རབ་ལྡན་ལགས་ལ་བཙོན་འཇུག་ལོ་བཞིའི་ཁྲིམས་ཐག་ཉེས་བ་བཏང་བའི་གནས་ཚུལ་དེའི་སྐོར་རྔ་པ་འབྲིང་རིམ་ཁྲིམས་ཁང་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་ཡོད་ཀྱང་།གནས་ཚུལ་དེའི་ཐོག་ས་གནས་དཔོན་རིགས་ནས་ལན་འདེབས་བྱ་རྒྱུ་མིན་ལུགས་བཤད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎