པེ་ཅིན་དུ་ཡོད་པའི་བོད་མི་རྩོམ་བྲིས་པར་བསུན་བཙིར།

བོད་རིགས་རྩོམ་པ་པོ་དང་ཤང་དུང་རིའི་རྩོམ་སྒྲིག་པ་གདོན་རྒྱ་གཞུང་གིས་དྲི་རྩད་བསུན་བཙིར་ཐེངས་བཞི་པ་དེ་པེ་ཅིང་དུ་བྱས་པའི་གནས་ཚུལ།

2011.11.22

༄༅༎བོད་རིགས་རྩོམ་པ་པོ་དང་ཤང་དུང་རིའི་རྩོམ་སྒྲིག་པ་གདོན་རྒྱ་གཞུང་གིས་དྲི་རྩད་བསུན་བཙིར་ཐེངས་བཞི་པ་དེ་པེ་ཅིང་དུ་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག་། པེ་ཅིང་ནང་དུ་བཅའ་སྡོད་གནང་བཞིན་པའི་བོད་ཀྱི་ན་གཞོན་རྩོམ་པ་པོ་དང་ཤར་དུང་རིའི་རྩོམ་སྒྲིག་པ་གདོན་ལ་ ཕྱི་ཟླ་བཅུ་པའི་ཟླ་མཇུག་ཙམ་ལ་ པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཉེན་རྟོག་པ་ལྔ་ཁོང་གི་སྡོད་ཁང་དུ་ཡོང་ནས་བཀའ་འགུག་བཙན་འཁྲིད་བྱས་ཡོད་ཅིང་། སྐབས་དེ་ཁོང་ལ་ རྒྱ་ཡིག་གི་དྲ་ལམ་དང་འཕྲིན་ལམ་ནང་ བོད་ཀྱི་རྔ་པ་ཁུལ་དུ་དམ་བསྒྲཌ་དང་ལྷག་དོན་དུ་བཙུན་མ་བསྟན་འཛིན་དབང་མོ་སོགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁག་བཀོད་དགོས་པའི་དམིགས་ཡུལ་དང་ ཁོང་པི་ཅིང་ནས་བཞུགས་ཡོད་དུས་གནས་ཚུལ་ཡོང་ཁུངས་སུ་ཡིན་མིན་སོགས་ཀྱི་སྐོར་དྲི་རྩད་བྱས་ཡོད་པ་རེད་འདུག་།
ད་ལྟ་གོང་དུ་བོད་ནས་བོད་མི་ཞིག་གིས་ང་ཚོའི་གསར་འགོད་པར་མུ་མཐུད་ནས་འགྲེལ་བརྗོད་གནང་བའི་ནང་ པེ་ཅིང་གྲོང་ཁྱེར་གྱི་སྤྱི་བདེ་ཉེན་རྟོག་པས་བོད་རིགས་རྩོམ་པ་པོ་གདོན་ལ་ ཁོང་གིས་ཁྱབ་སྤེལ་བྱས་པའི་བོད་ཀྱི་གནད་དོན་དེ་དག་རྗུན་མ་ཡིན་པའི་ར་འཕྲོད་ཀྱི་ཡི་གེ་དང་ རྩོམ་བྲིས་དེ་རིགས་བྲིས་མི་ཆོག་པའི་དཔངས་རྟགས་ཁས་ལེན་གྱི་ཡིག་གེ་བཙན་དབང་གི་ཐོག་ནས་བྲི་དུ་བཅུགས་པ་མ་ཟད་ ཁོང་གི་འགྲོ་འདུག་བསྐྱོད་གསུམ་ཐོག་བརྟག་ཞིབ་ནན་པོ་བྱེད་རྒྱུ་ཡིན་པ་དང་ གལ་ཏེ་ཚུལ་མཐུན་མ་བྱུང་ཚེ་ཁྲིམས་གཏུགས་བྱེད་རྒྱུའི་ཉེན་བརྡ་བཏང་བའི་གནས་ཚུལ་བྱུང་འདུག་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎