བུད་མེད་ཚོགས་པས་རྒྱ་གར་སྲིད་བློན་ལ་སྤུན་གྲོཊ་བསྒྲིགས་པ།
2014.08.11

ལྡི་ལི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོཊ་པས་རྒྱ་གར་གྱི་སྲིད་བློན་དང་གནད་ཡོད་མི་སྣ་ཁག་གཅིག་ལ་སྐུད་ཐག་བསྡམས་ནས་སྤུན་གྲོཊ་བསྒྲིཊ་འདུག
རྒྱ་གར་གྱི་ཧིན་རྡུའི་དུས་ཆེན་རག་ཤ་སྦན་རྡན་ཞེས་པ་ནི། བུ་མོ་ཚོས་རང་གི་གཅེན་པོ་དང་གཅུང་བོ། ཡང་ན་སྐྱེས་བ་གང་རུང་ཞིག་ལ་སྤུན་མཆེད་བསྒྲིགས་ནས་ལག་པའི་མཁྲིག་མའི་སྟེང་། སྐུད་ཐག་བསྡམས་པའི་ལུགས་སྲོལ་ཡོད་པ་བཞིན། ཚེས་༡༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཐུས་མི་ཁག་ཅིག རྒྱ་གར་གྱི་སྲིད་བློན་ནཱ་རན་རྡ་ར་མོ་ལྡིས་ལ་མཇལ་འཕྲད་གནང་ནས་ཁོང་གི་ལག་པའི་མཁྲིག་མའི་སྟེང་། སྐུད་ཐག་བསྡམས་ནས་སྤུན་གྲོགས་བསྒྲིགས་འདུག ལྡི་ལི་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་མཛེས་སྒྲོན་ལགས་ཀྱིས་གསུངས་ན། ད་ཐེངས་ང་ཚོས་སྲིད་བློན་ནཱ་རན་རྡ་ར་མོ་ལྡིས་དང་། BJPསྲིད་དོན་ཚོགས་དབུ་ཁྲིད་ཨ་ཊི་ཝ་ནེ་སོགས་ལ་རག་ཤ་སྦན་ལྡན་ཞེས་པའི་སྤུན་མཆེད་སྒྲིག་པའི་སྐུད་ཐག་བསྡམས་པ་ཡིན། ཁོང་རྣམས་ཧ་ཅང་དགའ་བོ་བྱུང་། དམིགས་ཡུལ་གཙོ་བོ་རྒྱ་གར་དང་བོད་རིགས་བར་མཐུན་སྒྲིལ་ཡར་རྒྱས་ཡོང་བར་དམིགས་པ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་། ཡང་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་རྒྱུན་ལས་ཁང་གི་ཟུང་དྲུང་ཚེ་རིང་སྒྲོལ་མ་ལགས་ཀྱིས་གསུངས་དོན། རྒྱ་གར་བས་སྤུན་མཆེད་བསྒྲིགས་ཟིན་དུས་དམ་ཚིག་བརྟན་པོ་ཉར་གྱི་རེད། དེ་བས་ད་ཐེངས་སྲིད་བློན་མའོ་རྡིས་མཆོག་ལ་སྤུན་མཆེད་བསྒྲིགས་པ་དེས་རྗེས་ཕྱོགས་སྲིད་བློན་མཆོག་གིས་ང་ཚོའི་ལས་དོན་དང་། ལས་འགུལ་སོགས་ག་རེ་བྱས་བ་ཡིན་ན་འང་བརྒྱ་ཆའི་བརྒྱ་རྒྱབ་སྐྱོར་གནང་གི་རེད་བསམ་གྱིན་འདུག་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ་དཔལ་ལྡན་རྒྱལ་དང་བསོད་ནམས་ལྷ་མོ།