བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཚོགས་བཞིན་འདུག
2017.02.21
མ་འོངས་པར་བེུད་སྒེར་ལངས་ཀྱི་ཉིན་མོ་གཞུང་འབྲེལ་གྱི་ཐོག་ནས་སྲུང་བརྩི་ཞུ་གཏན་འཁེལ་བ་སྲིད་སྐྱོང་མཆོག་གིས་གསུངས་འདུག
དེ་ཡང་ཕྱི་ཟླ་གཉིས་པའི་ཚེས་༢༡་ནས་༢༣་བར་དུས་ཡུན་ཉིན་གྲངས་གསུམ་རིང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་འོག་བེུད་ཀྱི་འཇོན་ཐང་ནུས་པ་གོང་སྤེལ་གཏོང་ཐབས་ཆེད་ཀྱི་ཚོགས་འདུ་ཞིག་བཞུགས་སྒར་རྡ་རམ་ས་ལའི་སྨན་རྕིས་ཁང་ཚོགས་ཁང་དུ་ཚུགས་ཡོད་པ་དང་། ལྷན་ཚོགས་ཀྱི་མཛད་སྒོའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་མཛད་གཙོ་རྣམ་པ་སོགས་ཚོགས་ཞུགས་མི་གྲངས་བཞི་བརྒྱ་མིན་ཙམ་བཅར་ཡོད་ཅིང་། ལྷན་ཚོགས་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་གསུང་བཤད་གནང་བའི་ནང་། བུད་མེད་ཀྱི་འཇོན་ཐང་གོང་སྤེལ་གྱི་ལས་གཞི་དེ་༧གོང་ས་མཆོག་གི་དགོངས་གཞི་དང་འབྲེལ་ནས་“ཕྱི་རྒྱལ་ཁག་དང་རྒྱ་གར་ནང་ཁུལ་བཅས་ནས་༧གོང་ས་མཆོག་གིས་བུད་མེད་དེ་གཞན་ལས་བྱམས་སྙིང་རྗེ་ཆེ་བ་ཡོད་པ་དང་། འགན་ལེན་ཡང་མང་བ་ཁུར་ཐུབ་མཁན་ཞིག་རེད་ཅེས་ག་དུས་ཡིན་ན་ཡང་དཔེ་དང་སྦྲགས་ནས་བཀའ་སྕལ་གྱི་ཡོད་པ་བཞིན་ལྷན་ཚོགས་དེ་རིགས་བརྒྱུད་ནས་བེུད་ཀྱི་འགོ་ཁྲིད་འཇོན་ཐང་ནུས་པ་དང་སྙིང་རྗེའི་གཤིས་རྒྱུད་ཟུང་འབྲེལ་གྱིས་བོད་མིའི་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་ནུས་པ་གདོན་ཐུབ་རྒྱུ་ཡིན་པ་སོགས་གསུང་བཤད་གནང་བ་དང་། ཁོང་གིས་མ་འོངས་པར་བེུད་སྒེར་ལངས་ཀྱི་ཉིན་མོ་གཞུང་འབྲེལ་སྲུང་བརྩི་ཞུ་གཏན་འཁེལ་བ་སྲིད་སྐྱོང་མཆོག་གིས་གསུངས་འདུག
ད་དུང་སྐབས་དེར་བུད་མེད་ཚོས་སྤྱི་ཚོགས་ནང་དགོངས་པ་དང་གདེང་སྤོབས་ཆེ་བཞེས་གནང་དགོས་པ་སོགས་ཤེས་རིག་བཀའ་བློན་མཆོག་གིས་གཏམ་བཤད་གནང་འདུག
ད་རེས་ཀྱི་བེུད་ཀྱི་འཇོན་ཐང་ནུས་པ་གོང་སྤེལ་གྱི་ཚོགས་འདུའི་དེའི་ཐོག་མའི་ཉིན་གཉིས་ཀྱི་རིང་ལ་ཚོགས་ཐུན་རེར་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་གནང་རྒྱུ་དང་། དེ་ནས་ཚོགས་ཆུང་ཆ་བགོས་ཀྱིས་ཤེས་ཡོན་དང་། འཕྲོད་བསྟེན། དཔལ་འབྱོར། འཛིན་སྐྱོང་དང་འགོ་ཁྲིད་བཅས་ཀྱི་གནད་དོན་ཐོག་གྲོས་བསྡུར་བྱས་ཏེ། ཚོགས་ཆུང་སོ་སོའི་སྙན་ཐོ་སྒྲོགས་སྦྱང་ཡང་གནང་རྒྱུ་ཡིན་འདུག།
གསར་འགོད་པ་འཆི་མེད་དང་གུ་རུ་ཆོས་སྐྱིད།