བོད་པའི་བེུད་གཉིས་ནོར་ལྦེ་དུ་ཞི་བདེའི་ལྷན་ཚོགས་མཉམ་ཞུགས།
2008.09.11
༄༅༎དེ་ཡང་ཞི་བདེའི་ལྷན་ཚོགས་ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་དེ་བཞིན་ནོར་ལྦེ་གྱི་རྒྱལ་ས་ཨོ་སི་ལོ་ནང་ཚེས་༡༠ནས་འགོ་ཚུགས་གནང་ཏེ་ དུས་ཡུན་ཉིན་གྲངས་གསུམ་རིང་ཚོགས་རྒྱུ་དང༌། ལྷན་ཚོགས་དེའི་དབུ་འབྱེད་མཛད་སྒོའི་ཐོག་ནོར་ལྦེ་གྱི་རྒྱལ་སྲས་ ཧ་ཀོན་མེན་ན་སེ་ ཡང་ཆེད་ཕེབས་གནང་ཡོད་ཅིང༌། དེ་མིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་མཁས་དབང་དང་རིགས་གཅིག་རྐང་འཛིན་པ་སོགས་མི་གྲངས་མང་པོ་ཞིག་མཉམ་བཞུགས་གནང་ཡོད་པའི་ཐོག་ ནོར་ལྦེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཆུང་བདག་ཀོ་རེན་ལགས་དང་ནོར་ལྦེ་བོད་ཀྱི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བསྟན་འཛིན་དཔལ་སྒྲོན་ལགས་གཉིས་བོད་པའི་འཐུས་མིའི་མཚན་ཐོག་ནས་ལྷན་ཚོགས་ཐོག་བཞུགས་ཡོད་པ་རེད། ལྷན་ཚོགས་དེ་བཞིན་ནོར་ལྦེ་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང་གི་ཐོབ་ཐང་ཚོགས་པ་ པོཨིན་ཊི་ཨོབ་པི་སི་ཞེས་པའི་ཚོགས་པ་དེས་འགོ་འཁྲིད་གནང་བ་ཞིག་ཡིན་པ་དང༌། ད་རེས་ཉིན་གསུམ་རིང་ཚུགས་རྒྱུའི་ལྷན་ཚོགས་དེའི་ཐོག་གཙོ་བོ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་དེ་བཞིན་རྒྱལ་སྤྱིའི་ཐོག་གི་མཁས་དབང་ཚོས་རྒྱལ་སྤྱི་དང་རྒྱལ་ནང་གི་སྲིད་ཇུས་འགྱུར་ལྡོག་གཏོང་རྒྱུར་ཤུགས་རྐྱེན་སྤྲོད་ཐབས་སོགས་ཀྱི་གནད་དོན་ཐོག་བགྲོ་གླེང་དང་ཉམས་མྱོང་སྤེལ་རེས་གནང་རྒྱུ་ཡིན་པ་རེད།