མིང་དང་ལོ་ཚད་ཤེས་རྟོགས་བྱུང་བ།


2013.09.09
མིང་དང་ལོ་ཚད་ཤེས་རྟོགས་བྱུང་བ། དམ་བསྒྲགས་འོག་གནས་པའི་ཤག་རོང་པོ་དགོན།
པདྨ་དངོས་གྲུབ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

༄༅༎ཉེ་ཆར་རྒྱ་གཞུང་གིས་བོད་ནག་ཆུའི་ས་ཁུལ་ཤག་རོང་པོ་དགོན་སྡེ་གཉིས་ཀྱི་མི་མང་ལྔ་བཅུ་ལྷག་འཛིན་བཟུང་བྱས་པའི་ཁོངས་ནས། བོད་མི་ཁག་ཅིག་གི་མིང་དང་ལོ་ཚད་སོགས་གསར་དུ་ཤེས་རྟོགས་བྱུང་ཡོད་པ་རེད། རྡ་རམ་ས་ལ་ནས་ངག་དབང་མཐར་པ་ལགས་ཀྱིས་ང་ཚོའི་རླུང་འཕྲིན་ཁང་ལ་བཏང་གནང་བའི་གནས་ཚུལ་ནང༌། ཟླ་འདིའི་ཕྱི་ཚེས་༨ཉིན་བསྐྱར་དུ་བོད་ནས་ཁུངས་ལྡན་གནས་ཚུལ་

འབྱོར་གསལ་ལྟར་ན། ཁ་སྔོན་མི་མང་འཇུ་བཟུང་བྱས་པའི་ནང་ནས་མི་དགུའི་མིང་དང་ལོ་ཚད་ཤེས་རྟོགས་བྱུང་བ་དེ་དག་ནི།  བློ་བཟང་ཚེ་རིང་རང་ལོ་༢༧ དང་། དུང་ཕུག་རང་ལོ་༢༦།  ཟླ་རྒྱལ་རང་ལོ་༣༥། སྐར་མ་རང་ལོ་༣༡། རྒྱ་ལྷུག་རང་ལོ་༢༨། རྒྱལ་བ་རང་ལོ་༢༩། སྲི་ཆོད་རང་ལོ་༣༩། ཆོས་དར་རང་ལོ་༢༧། བྱམས་པ་རང་ལོ་༢༡ བཅས་འཛིན་བཟུང་བྱས་རྗེས་ད་དུང་གར་ཡོད་སུས་ཀྱང་ཤེས་རྟོགས་མེད་པ་རེད། ཁོང་རྣམས་སྟར་ཆེན་ཡུལ་ཚོའི་ཡར་ཐང་མར་ཐང་གི་གྲོང་ཚོ་ནས་ཡིན་པ་དང༌།།  ད་དུང་གྲོང་ཚོ་གཞན་ནས་ཀྱང་མི་མང་པོ་འཇུ་བཟུང་བྱས་འདུག་ཀྱང་ས་གནས་སུ་དམ་དྲག་ ཆེ་བའི་དབང་གིས་མིང་དང་ལོ་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
རྒྱ་གཞུང་གིས་དེ་སྔོན་བཅའ་སྡོད་རུ་ཁག་དང་། ལག་འཛིང་ཤོར་མཁན་གྱི་བོད་མི་དེ་ཚོ་རྩད་གཅོད་མི་བྱེད་པའི་ཁས་ལེན་བྱས་ཡོད་ཀྱང་། ད་ལྟའི་ཆར་དེ་ལས་ལྡོག་སྟེ་མི་མང་འཇུ་བཟུང་བྱས་པ་མ་ཟད། བླ་མའི་ཡང་སྲིད་ཀྱང་མི་མང་གིས་ཁས་ལེན་མེད་པའི་ཕྲུ་གུ་ཞིག་བཙན་དབང་གི་ཐོག་ནས་སྤྲོད་རྒྱུ་ཡིན་ཞེས། དགོན་སྡེ་གཉིས་ལ་ཡང་ཡང་བསུན་གཙེར་ཆེན་པོ་བཟོ་བཞིན་ཡོད་པའི་གནས་ཚུལ་དེར་མ་བཟོད་པར་བློ་བཟང་ཚེ་རིང་གི་བཟའ་ཟླ་སྒྲོལ་མ་གཡང་སྐྱིད་ཟེར་བས་སོ་སོའི་འཕྲུལ་རྟ་བརྡབ་ནས་རང་སྲོག་གཅོད་རྩིས་བྱས་ཡོད་འདུག། ད་ལྟ་སྒྲོལ་མ་གཡང་སྐྱིད་ནག་ཆུ་ས་ཁུལ་ཛ་དྲག་མྱུར་སྐྱོབ་སྨན་ཁང་དུ་ཁྱེར་དགོས་བྱུང་ཡོད་འདུག་ན་ཡང་། ནད་གཡོག་བྱེད་མཁན་ཚང་མ་སྲིད་གཞུང་གིས་ཆེད་གཏོང་བྱས་པ་མ་གཏོགས་འབྲེལ་ཡོད་ བོད་མི་འགྲོ་བཅུག་མེད་པས། ཁོ་མོ་ཤི་གསོན་ག་རེ་ཆགས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་
ཐུབ་ཀྱིི་མེད་པ་རེད། སྲིད་གཞུང་གིས་སྒྲོལ་མ་གཡང་སྐྱིད་ཀྱི་གནས་ཚུལ་འདི་མང་ཚོགས་ཀྱི་ནང་དུ་བཤད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད། སྒྲོལ་མ་གཡང་སྐྱིད་དང་བློ་བཟང་ཚེ་རིང་གཉིས་ལ་ཕྲུ་གུ་ཆུང་ཆུང་གཉིས་ཡོད་པ་དེ་ སྲིད་གཞུང་གིས་དྭ་ཕྲུག་སློབ་གྲྭར་ཁྲིད་’ཡོད་པ་རེད། སྒྲོལ་མ་གཡང་སྐྱིད་ནི་སྨན་པ་རྣམ་སྲས་དང་མ་ཆོས་དབྱངས་སྒྲོལ་མ་ལགས་ཀྱི་བུ་མོ་ཡིན་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎