རྒྱའི་བཙོན་ཁང་ནང་སྡུག་སྦྱོང་མྱངས་མྱོང་མཁན་དགེ་འདུན་ཤེས་རབ་ལགས་གྲོངས་འདུག


2020.04.23
ནག་ཆུའི་སོག་རྫོང་། ནག་ཆུའི་སོག་རྫོང་།
བོད་འབྱོར་མཐུན་འགྱུར་པར་རིས།

ཆབ་སྲིད་བཙོན་ཟུར་རོང་པོ་རབ་བརྟན་དགོན་པའི་དགེ་འདུན་པ་དགེ་འདུན་ཤེས་རབ་ལགས་འདས་གྲོངས་སུ་སོང་འདུག
གནས་ཚུལ་འབྱོར་བ་ལྟར་ན། དེ་སྔ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་བཙུགས་ནས་འཛིན་བཟུང་བཀག་ཉར་བྱས་མྱོང་བའི་རོང་པོ་རབ་བརྟན་དགོན་པའི་དགེ་འདུན་པ་དགེ་འདུན་ཤེས་རབ་ལགས་འདི་ཚེས་༡༨་ཙམ་ཞིག་ལ་རོང་པོ་བར་སྐལ་ཡུལ་ཚོའི་རང་ཁྱིམ་ནས་སྐུ་གྲོངས་ཡོད་པ་དང་། དེའི་ཐད་འབྲེལ་ཡོད་བོད་མི་མིང་འབོད་གནང་འདོད་མེད་པ་ཞིག་གིས་གནས་ཚུལ་ངོ་སྤྲོད་བྱས་ན། ཕྱི་ལོ་༢༠༡༧་ལོའི་ཟླ་བ་༡༢་པའི་ནང་། དགེ་འདུན་ཤེས་རབ་ལགས་ཀྱིས་བྱེས་ཀྱི་གདན་ས་ཆེན་མོ་སེར་བྱེས་གྲྭ་ཚང་ལྷོ་པ་ཁང་ཚན་གྱི་ཆོས་ལྡན་རིན་པོ་ཆེ་མཆོག་གི་ཡང་སྲིད་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་བཀའ་ཡིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་བྱས་པའི་ནག་ཉེས་འོག་རྒྱ་ནག་གི་ཉེན་རྟོག་པས་ལྷ་ས་ནས་འཛིན་བཟུང་བཙོན་འཇུག་བྱས་བ་དང་། ཟླ་བ་གསུམ་གྱི་རིང་བཀག་ཉར་འདྲི་རྩད་བྱས་སྐབས་སྡུག་སྦྱོང་མནར་སྤྱོད་ཚད་མེད་བཏང་བར་བརྟེན་དགེ་འདུན་ཤེས་རབ་ལགས་ཀྱི་གཟུགས་པོ་འགུལ་བསྐྱོད་མ་ཐུབ་པ་དང་། སྐད་ཆ་བཤད་མ་ཐུབ་པ་ཆགས་ཏེ་མཐའ་མ་སྲོག་ཉེན་ལ་ཐུག་པའི་སྐབས་ཁོང་གློད་གྲོལ་བཏང་ཡོད་འདུག ཡིན་ན་ཡང་མུ་མཐུད་དུ་ཁོང་ཆབ་སྲིད་དང་འབྲེལ་བའི་ནག་ཉེས་འོག་ཁོང་གི་ཐོབ་ཐང་ལག་འཁྱེར་མིང་ཐོ་ནག་པོའི་ནང་བཅུག་པའི་རྐྱེན་གྱིས་སྨན་ཁང་གང་དུ་ཡང་བསྟེན་གཏུགས་བྱ་རྒྱུའི་རང་དབང་འཕྲོག་པར་བརྟེན། ཁོང་གིས་ཕ་ཡུལ་ནས་གསང་བའི་ངང་བོད་སྨན་དང་རྩ་སྨན་སོགས་ཀྱི་སྨན་བཅོས་བྱེད་ཐབས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་འདས་གྲོངས་སུ་ཕྱིན་པ་ངོ་སྤྲོད་གནང་བྱུང་།
ད་དུང་གནས་ཚུལ་ངོ་སྤྲོད་པས། དགེ་འདུན་ཤེས་རབ་ལགས་དེ་སྔོན་རབ་བརྟན་དགོན་པར་ཡོད་སྐབས། དགོན་པའི་ནང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དང་མི་བྱེད་མཁན་ཤོག་ཁག་གཉིས་ཡོད་པ་ལས་རྒྱ་མིའི་གནོན་ཤུགས་འོག་དོལ་རྒྱལ་བསྟེན་སྲོལ་མི་བྱེད་མཁན་ཁག་གཅིག་དགོན་པ་ནས་ཕྱིར་འབུད་བཏང་བའི་ཁོངས་སུ་ཡོད་པ་དང་། དུས་དེ་ནས་རྒྱ་ནག་གཞུང་གིས་ཁོང་དོགས་ཡོད་མི་སྣའི་ཁོངས་སུ་བཞག་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ད་ལོ་དགུང་ལོ་༥༠་ལ་སོན་པའི་དགེ་འདུན་ཤེས་རབ་ལགས། རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ནག་ཆུ། སོག་རྫོང་རོང་པོ་ཡུལ་ཚོའི་རོང་པོ་རབ་བརྟན་དགོན་པའི་དགེ་འདུན་པ་དང་། ཕ་རྒྱལ་འཇིགས་ཚང་གི་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎