བུད་མེད་ལྷན་ཚོཊ་ཀྱིས་༧གོང་ས་མཆོག་ལ་བྱམས་བརྩེའི་སློབ་དཔོན་གྱི་གཟེངས་རྟཊ་ཕུལ་འདུག


2017.10.13
བུད་མེད་ལྷན་ཚོཊ་ཀྱིས་༧གོང་ས་མཆོག་ལ་བྱམས་བརྩེའི་སློབ་དཔོན་གྱི་གཟེངས་རྟཊ་འབུལ་སྐབས། ༢༠༡༧།༡༠།༡༣ བུད་མེད་ལྷན་ཚོཊ་ཀྱིས་༧གོང་ས་མཆོག་ལ་བྱམས་བརྩེའི་སློབ་དཔོན་གྱི་གཟེངས་རྟཊ་འབུལ་སྐབས། ༢༠༡༧།༡༠།༡༣
TWA/FB

སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་སྐབས་བྱམས་བརྩེ་གོང་འཕེལ་གཏོང་ཐབས་སུ་དམིགས་བསལ་འོས་འགན་ཡོད་པའི་བཀའ་སློབ་ཕེབས་འདུག
དེ་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་བྱམས་བརྩེའི་སློབ་དཔོན་གྱི་གཟེངས་རྟགས་འབུལ་ཆོག་པའི་གསོལ་འདེབས་སྔ་ལོ་ནས་ཞུས་ཡོད་པ་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཕྱི་ཟླ་ ༡༠ ་ཚེས་ ༡༣ ་ཉིན་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གཙོས་རྒྱུན་ལས་རྣམ་པ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ས་གནས་རྒྱུན་ལས་རྣམ་པ་སོགས་ཁྱོན་ཚོགས་མི་ ༡༠༠ ཙམ་བཞུགས་སྒར་ཕོ་བྲང་དུ་ཆེད་བཅར་གྱིས་༧གོང་ས་མཆོག་ལ་བྱམས་བརྩེའི་སློབ་དཔོན་གྱི་གཟེངས་རྟགས་ཕུལ་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ངོས་ནས་ཕྲུ་གུའི་སེམས་ནང་བྱམས་བརྩེའི་བསམ་བློ་སྐྱེས་སྲིང་སླད་དམིགས་བསལ་དགེ་རྒན་གྱི་ཟབ་སྦྱོང་གི་ལས་དོན་རིགས་སྤེལ་དགོས་པའི་བཀའ་སློབ་ཕེབས་ཡོད་ལ། དེ་བཞིན་རང་བཞིན་ལྷན་སྐྱེས་ཀྱི་བྱམས་བརྩེའི་ཚོར་བ་ཤུགས་ཆེ་བ་ཡོད་པ་དང་། ལྷག་པར་དུ་ཨ་མ་ཞིག་ཡིན་པའི་ཆ་ནས་བྱམས་བརྩེའི་བློ་དེ་རང་གི་ཁྱིམ་ཚང་ནང་ལག་བསྟར་དང་འཕེལ་རྒྱས་བྱ་རྒྱུར་དམིགས་བསལ་ནུས་པ་ཡོད་པ་བཀའ་སྩལ་ཡོད་པ་རེད།
བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་འདི་དག་བེུད་ཚོགས་པའི་ཚོགས་འདུ་ཁག་གི་ལག་བསྟར་གྲོས་ཆོད་ནང་ཆེད་འཇུག་དང་དོན་འཁྱོལ་ཡོང་ཐབས་ངེས་པར་གནང་རྒྱུ་ཡིན་པ་གསུངས་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎