བོད་པའི་དགེ་རྒན་ཁག་ཅིག་གིས་སྐད་ཡིག་སྲུང་སྐྱོབ་ཀྱི་ནན་སྐུལ།

བོད་རིགས་ས་ཁུལ་དུ་བོད་ཀྱི་སྐད་དང་ཡི་གེ་སློབ་ཁྲིད་ཀྱི་སྐད་དང་ཡི་གེ་བཀོལ་དགོས་ཞེས་བོད་པའི་དགེ་རྒན་ཁག་ཅིག་གིས་ནན་སྐུལ་ཞུས་འདུག

2010.10.23

༄༅༎མཚོ་སྔོན་ཞིང་ཆེན་གྱིས་ཉེ་ལམ་བསྐོང་བའི་བོད་ཀྱི་སྐད་དང་ཡི་གེ་བཅོས་བསྒྱུར་གྱི་ཟབ་སྦྱོང་འཛིན་གྲྭར་ཞུགས་མཁན་དགེ་རྒན་བརྒྱ་ཕྲག་འགས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་སློབ་གསོ་ཐེན་ལ་སྙན་ཞུ་ཞིག་ཕུལ་ནས་རང་སྐད་ཕལ་བར་བཞག་ནས་གཞན་སྐད་གཙོ་བོར་འཇོག་པའི་སྲིད་ཇུས་དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བ། སློབ་གསོའི་ཆོས་ཉིད་དང་འགལ་ཞིང་ཚན་རིག་དང་མི་མཐུན་པ་ཞིག་ཡིན་ལུགས་བརྗོད་ནས་བོད་རིགས་ས་ཁུལ་དུ་བོད་ཀྱི་སྐད་དང་ཡི་གེ་སློབ་ཁྲིད་ཀྱི་སྐད་དང་ཡི་གེ་བཀོལ་དགོས་པ་ནན་གྱིས་ཞུས་འདུག

སློབ་གསོའི་སྲིད་ཇུས་དེའི་ནང་དུ་གཙོ་བོར་བརྗོད་པའི་༼དགེ་རྒན་ཟབ་སྦྱོང་གི་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུའི་ལས་དོན་ལ་དམ་འཛིན་བྱ་དགོས་༽ཞེས་པའི་དགོངས་དོན་ལྟར་ཉེ་སྔོན་མདོ་སྨད་རེབ་གོང་ཁུལ་དུ་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སློབ་གྲྭ་ཆུང་འབྲིང་ཁག་གི་དགེ་རྒན་བརྒྱ་ཕྲག་འགའ་མཉམ་ཞུགས་བྱས་པའི་བོད་ཀྱི་སྐད་དང་ཡི་གེ་བཅོས་བསྒྱུར་གྱི་ཟབ་སྦྱོང་འཛིན་གྲྭ་ཟེར་བ་འཚོགས་ཡོད་འདུག

ཟླ་༡༠བའི་ཚེས་༡༥ཉིན་ཐེངས་དེའི་ཟབ་སྦྱོང་འཛིན་གྲྭར་ཞུགས་མཁན་ཁུལ་དྲུག་གི་དགེ་རྒན་རྣམས་ཀྱིས་ཐུན་མོང་གི་གི་སྙན་ཞུ་ཞིག་ཕུལ་ཡོད་ཅིང༌། སྙན་ཞུའི་ནང་གཙོ་བོར་རང་མི་རིགས་ཀྱི་དུས་ད་ལྟའི་གནས་བབ་དང་མ་འོངས་པའི་མདུན་ལམ་ལ་བསམ་ཞིབ་བྱས་ཚེ། མི་རིགས་ཀྱི་བདེ་སྡུག་དང་ཆགས་འཇིག་ལ་བོད་རིགས་ཡིན་ཡང་བཤོལ་དུ་མེད་པའི་འགན་འཁྲི་ཞིག་ཡོད། དེ་ནི་ང་ཚོ་མི་རབས་འདི་དང་མི་རབས་རྗེས་མ་དག་གི་འགན་འཁྲི་ཡིན་པས་ན། དུས་ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩི་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་འགལ་བ་། སློབ་གསོའི་ཆོས་ཉིད་དང་འགལ་བ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་འགལ་བའི་གནད་དོན་ཚབས་ཆེན་ཞིག་ཡོད་པ་ནི། རང་སྐད་ཕལ་པར་བཞག་སྟེ། གཞན་སྐད་གཙོ་བོ་བྱས་ནས་བོད་ཡིག་གི་སློབ་ཁྲིད་མ་གཏོགས་པའི་སློབ་ཚན་གཞན་དག་རྒྱ་སྐད་ཀྱི་ལམ་ནས་འཁྲིད་པའི་སྲིད་ཇུས་ཞིག་ལག་ལེན་ལ་བསྟར་ཀྱིན་ཡོད་པ་དེ་རེད། དེ་ལ་ང་ཚོས་ངོ་མཚར་དུ་བརྩི་ཞིང་ལེགས་ཉེས་ཀྱི་བླང་དོར་ཅི་ཡང་མེད་པར་དང་དུ་ལེན་རྐྱང་བྱས་ན་དེ་ལ་དགེ་མཚན་ཅི་ཡང་མེད་པར་མ་ཟད་མྱུར་དུ་རང་གི་མི་རིགས་ཀྱི་རིགས་རྒྱུན་ཆད་པར་འགྱུར་པའི་སྔ་ལྟས་ཡིན་པ་དང་།གལ་ཏེ་མི་རིགས་ཤིག་གི་སྐད་དང་ཡི་གེ་གཉིས་ཤི་བར་གྱུར་ན་དོན་ལ་མི་རིགས་དེ་ཉིད་ཀྱི་མི་ཐམས་ཅད་མཉམ་དུ་ཤི་ནས་མི་རིགས་དེ་རྩ་བ་ནས་མེད་པར་གྱུར་བ་དང་འདྲ་ཞེས་དང་། ཡང་སྙན་ཞུ་ཡི་གེ་དེའི་ནང་དེང་གི་མགོ་ཁྲིད་དང་སློབ་གསོ་ཆེད་མཁས་ཀྱི་མིང་འཛིན་མཁན་རྣམས་ཀྱིས་ཤེས་བཞིན་དུ་བཟང་ངན་ཕན་འབྲས་ལ་དབྱེ་འབྱེད་ཅུང་ཙམ་མེད་པར་བོད་ཡིག་གི་སློབ་ཁྲིད་མ་གཏོགས་པའི་སློབ་ཚན་གཞན་དག་རྒྱ་སྐད་ཀྱི་ལམ་ནས་འཁྲིད་པའི་སྲིད་ཇུས་ཞིག་ལག་ལེན་ལ་བསྟར་པའི་དམིགས་ཡུལ་ཅི་ཡིན་ཞེས་དོགས་འདྲི་བྱས་ཡོད་ལ། ཡང་བྱེད་ཕྱོགས་འདི་དག་ནི་དབང་བསྒྱུར་པ་ལ་ལས་བསམ་བཟོས་བྱས་ནས་མི་རིགས་མཐུན་སྒྲིལ་གཏོར་བརླག་བཏང་བ་རེད་ཅེས་དང་། གཞན་སྙན་ཞུ་དེའི་མཇུག་ཏུ་ང་ཚོས་རང་རེའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། རྩ་ཁྲིམས་དང་མཐུན་པའི་སྒོ་ནས་མི་འགྱངས་པར་རྩོད་ལེན་བྱེད་རྒྱུ་ནི་མི་རེ་སོ་སོའི་ཕྲག་ལ་བབས་པའི་འགན་འཁྲི་དང་འོས་འགན་རེད་ཅེས་བཀོད་འདུག  གོང་ཞུས་སྙན་ཞུ་དེའི་སྟེང་སྐབས་དེའི་བོད་ཀྱི་སྐད་དང་ཡི་གེ་བཅོས་བསྒྱུར་གྱི་ཟབ་སྦྱོང་འཛིན་གྲྭ་ཟེར་བར་ཞུགས་མཁན་དགེ་རྒན་༣༠༠ལྷག་གིས་མཚན་རྟགས་བཀོད་ཡོད་ཚུལ་གནས་ཚུལ་མཁོ་སྤྲོད་པའི་བཤད་ཀྱང་ང་ཚོར་འབྱོར་བའི་པར་བཤུས་སུ་མཚན་རྟགས་བརྒྱ་དང་བཅོ་ལྔ་ལས་མི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎