རྒྱལ་ཞེན་གྱི་གླུ་གཞས་གཏོང་མཁན་ཕུལ་བྱུང་རི་འགོར་བྲོས་བྱོལ།

རྒྱལ་ཞེན་གྱི་གླུ་གཞས་གཏོང་མཁན་ཕུལ་བྱུང་ལགས་འཛིན་བཟུང་བྱེད་པའི་ཉེན་ཁ་ལས་གཡོལ་ཐབས་རི་འགོར་བྲོས་བྱོལ་དུ་ཕེབས་དགོས་པ།

2012.06.08

༄༅༎བོད་ཀྱི་མདོ་སྨད་ཨ་མདོ་ཨ་ལྕོག་ཁུལ་ནས་ཡིན་པའི་རྒྱལ་ཞེན་གྱི་གླུ་གཞས་གཏོང་མཁན་ཕུལ་བྱུང་ལགས་ཀྱིས་ཉེ་ཆར་འོད་སྡེར་གསར་པ་ཞིག་བཏོན་པའི་ནང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། བཀའ་ཁྲི་བློ་བཟང་སེང་གེ་རྣམ་གཉིས་ལ་བསྟོད་གླུ་ཞིག་ཕུལ་ཡོད་པར་བརྟེན། ས་གནས་རྒྱ་ནག་གཞུང་གིས་འགོ་འཁྲིད་ཚོས། དེ་ནི་ཆབ་སྲིད་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཞིག་ཡིན་པའི་སྐྱོན་འཛུགས་ཀྱིས་ ཕུལ་བྱུང་ལགས་འཛིན་བཟུང་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་པར་སོང༌། འཛིན་བཟུང་བྱེད་པའི་ཉེན་ཁ་ལས་གཡོལ་ཐབས་སུ་ ཕུལ་བྱུང་ལགས་རི་འགོར་བྲོས་བྱོལ་དུ་ཕེབས་དགོས་པ་བྱུང་ཡོད་པ་བཅས་ཀྱི་སྐོར་ ཁོང་དང་ལུང་པ་གཅིག་པ་ཡིན་པ་འཇམ་དབྱངས་ལགས་ཀྱིས་འདི་གའི་རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎