བོད་པའི་སློབ་སྤྱི་ཞིག་ལ་རྒྱ་གར་རྒྱལ་ཡོངས་ཕུལ་བྱུང་བྱ་དགའ།

སློབ་སྤྱི་སྐལ་བཟང་བསྟན་འཛིན་བོ་ཌི་ཡ་ལགས་སུ་རྒྱ་གར་རྒྱལ་ཡོངས་དགེ་རྒན་ཕུལ་བྱུང་གི་བྱ་དགའ་སྲིད་འཛིན་མཆོག་གིས་གནང་རྒྱུ་ཡིན་པ།

2011.08.31

༄༅༎རྒྱ་གར་བྱང་ཤར་ཀ་ལིམ་པོང་བོད་མིའི་གཏན་འཇགས་སློབ་གྲའི་སློབ་སྤྱི་སྐལ་བཟང་བསྟན་འཛིན་བོ་ཌི་ཡ་ལགས་སུ་ཕྱི་ལོ་༢༠༡༠ལོའི་རྒྱ་གར་རྒྱལ་ཡོངས་དགེ་རྒན་ཕུལ་བྱུང་གི་བྱ་དགའ་རྒྱ་གར་གྱི་སྲིད་འཛིན་མཆོག་གིས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་བཞག། ཕྱི་ཟླ་༩ཚེས་༥ཉིན་རྒྱ་གར་གྱི་སྲིད་འཛིན་པར་ཏི་བ་པ་ཀྲིལ་མཆོག་གིས་དགེ་རྒན་གྱི་ཉིན་མོའི་དུས་ཆེན་ཉིན་རྒྱ་གར་རྒྱལ་ཡོངས་ནས་དགེ་རྒན་ཕུལ་བྱུང་ ༣༧༠ལ་བྱ་དགའ་གནང་རྒྱུ་ཡིན་པ་དང་བྱ་དགའ་ཐོབ་པའི་དགེ་རྒན་རྣམས་ལ་ལག་འཁྱེར་རེ་དང་ རྒྱ་གར་གྱི་ཤོག་དངུལ་སྒོར་ཉིས་ཁྲི་ལྔ་སྟོང་རེ་གསོལ་སྩལ་གནང་རྒྱུ་ཡིན་འདུག། 

དེ་ཡང་ཕྱི་ཟླ་༩ཚེས་༥ཉིན་མཚན་ཉིད་རིག་པ་དང་ དགེ་རྒན་མཆོག་ཏུ་གྱུར་པ་ རྒྱ་གར་གྱི་སྲིད་འཛིན་དམ་པ་ར་རྡ་ཀིརིཤ་ནན་མཆོག་ལ་ཆེ་བསྟོད་ཞུ་ཆེད་ལོ་ལྟར་དགེ་རྒན་གྱི་ཉིན་མོའི་དུས་ཆེན་སྲུང་བརྩི་ཞུ་གི་ཡོད་པ་རེད། ཕྱི་ལོ་༡༩༥༨ལོར་རྒྱ་གར་གཞུང་གིས་དམའ་རིམ་དང་ འབྲིང་རིམ་ མཐོ་རིམ་བཅས་ཀྱི་དགེ་རྒན་ ཕུལ་བྱུང་ རྣམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་རྒྱལ་ཡོངས་དགེ་རྒན་གྱི་བྱ་དགའ་འབུལ་རྒྱུ་དབུ་འཛུགས་གནང་ཡོད་པ་རེད། འདི་ལོ་༢༠༡༠ལོར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་རྒྱབ་གཉེར་གནང་བ་བཞིན་ རྒྱ་གར་བྱང་ཤར་ཀ་ལིམ་པོང་བོད་མིའི་གཏན་འཇགས་སློབ་གྲའི་སློབ་སྤྱི་སྐལ་བཟང་བྷོ་ཌི་ཡ་ལགས་སུའང་རྒྱ་གར་རྒྱལ་ཡོངས་དགེ་རྒན་ཕུལ་བྱུང་གི་བྱ་དགའ་འབུལ་བཞེས་གནང་རྒྱུ་ཡིན་པ་དང་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལྷན་ཁང་གིས་སྐལ་བཟང་བོ་ཌི་ཡ་ལགས་སུ་ཧ་ཅང་ཆེས་ཐོངས་ཆེ་བའི་བྱ་དགའ་ཐོབ་པ་དེར་འཚམས་འདྲི་ཞུས་གནང་བཞག། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎