བོད་པའི་སློབ་ཕྲུག་ཚོར་ཤེས་ཡོན་ཆ་ཚང་བ་སྤྲད་རྒྱུའི་ལྷན་ཚོགས།
2010.11.18
༄༅༎བཙན་བྱོལ་བོད་གཞུང་ཤེས་རིག་ལྷན་ཁང་གིས་ཟླ་བ་འདིའི་ཕྱི་ཚེས་༡༦ནས་བཟུང་དུས་ཡུན་ཉིན་མ་གསུམ་རིང་སློབ་གྲྭའི་དབུ་ཁྲིད་ཚོར་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྔར་ལས་འཐུས་སྒོ་ཚང་བ་སྤྲོད་རྒྱུའི་ཆེད་དུ་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་དབུས་བོད་སློབ་འཛིན་སྐྱོང་གི་ཚོགས་ཁང་ཆེན་མོའི་ནང་ལྷན་ཚོགས་དང་པོ་དེ་སྐོང་ཚོགས་གནང་ཡོད་པ་རེད་། ལྷན་ཚོགས་དེར་བཙན་བྱོལ་བོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་སློབ་གྲྭའི་དབུ་འཛིན་བཅས་མི་སྣ་༣༣ཙམ་མཉམ་ཞུགས་གནང་ཡོད་པ་རེད་། སློབ་སྤྱི་ཚོར་ཤེས་ཡོན་སློབ་ཁྲིད་སྔར་ལས་འཐུས་སྒོ་ཚང་བ་སྤྲོད་ཕྱོགས་སྐོར་གྱི་ལྷན་ཚོགས་ཐེངས་གཉིས་པའི་ནང་དུ་། སླད་ཕྱིན་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོང་མར་དབྱེ་འབྱེད་མེད་པའི་སྒོ་ནས་སློབ་མ་ཚོར་རྒྱབ་སྐྱོར་སྔར་ལས་ཆེ་བ་གནང་ནས་ཤེས་ཡོན་སློབ་ཁྲིད་ཀྱི་སྤུད་ཚད་མཐོ་རུ་གཏོང་རྒྱུའི་ཐབས་ལམ་སྐོར་ལ་དགོངས་ཚུལ་བརྗེ་རེས་དང་། གནད་དོན་ཁག་ལ་གྲོས་བསྡུར་གནང་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག