ཨ་རུ་ན་ཅལ་ནས་ཀེ་ན་ཌར་གཞིས་སྤོས་ཀྱི་ལས་གཞི་མཇུག་སྒྲིལ་ཉེ་བར་སླེབས་ཡོད་པ།


2017.10.28
ཨ་རུ་ན་ཅལ་ནས་ཀེ་ན་ཌར་གཞིས་སྤོས་ཀྱི་ལས་གཞི་མཇུག་སྒྲིལ་ཉེ་བར་སླེབས་ཡོད་པ། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་བོད་མིའི་གཞིས་ཆགས་ཁག་ནས་ཁེ་ན་ཌར་བོད་མི་༡༠༠༠གཞིས་སྤོའི་ལས་འཆར་མཇུག་སྒྲིལ་ཉེ་བར་སླེབས་ཡོད་པ།
ཁེ་ན་ཌ་བོད་མི་གཞིས་སྤོའི་ལས་འཆར།

༄༅། །རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་བོད་མིའི་གཞིས་ཆགས་ཁག་ནས་བོད་མི་ཆིག་སྟོང་ཀེ་ན་ཊར་གཞིས་སྤོས་ཀྱི་ལས་གཞི་མཇུག་སྒྲིལ་ཉེ་བར་སླེབས་ཡོད་པའི་གནས་ཚུལ་ཐོན་འདུག  
ཁེ་ན་ཊའི་གཞུང་ནས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཁུལ་ནས། བོད་མི་ ༡༠༠༠ཁེ་ན་ཌར་གཞིས་སྤོས་ལེན་རྒྱུའི་ལས་འཆར་ཁོངས་ནས་བོད་མི་ ༩༣༨ ཁེ་ན་ཌར་གནས་སྤོ་ཟིན་ཡོད་པ་དང་། ཉེ་སྔོན་མི་གྲངས་ ༡༢ ལ་ ཡིག་ཆ་ཚང་མ་གྲ་སྒྲིག་ཟིན་དེ་ཉིན་ཤས་ནང་ཕེབས་རྒྱུ་ཡིན་པ་དང་། དེ་བཞིན་མི་གྲངས་ ༢༥ འཕྲོད་བསྟེན་བརྟག་དཔྱད་གནང་བཞིན་ཡོད་པས་ ཟླ་ཤས་ནང་ཚུད་ཁོང་རྣམ་པ་ཚོ་ཡང་ཕེབས་རྒྱུ་ཡིན་ཞིང་། དེ་ལྟར་འཐུས་ཚང་བྱུང་ཚེ་ ཁེ་ན་ཌའི་ནང་གཞིས་སྤོས་གནང་མཁན་བོད་མི་ ༡༠༠༠ ཡོད་པའི་ཁོངས་ནས་ མི་གྲངས་ ༩༧༥ ཀེ་ན་ཊར་གནས་སྤོ་ཟིན་གྱི་ཡོད་སྟབས། རྒྱ་གར་བྱང་ཤར་ཨ་རུ་ན་ཅང་མངའ་སྡེ་ནས་བོད་མི་ཆིག་སྟོང་ཀེ་ན་ཌའི་ནང་གཞིས་སྤོས་གནང་རྒྱུའི་ལས་གཞི་དེ་མཇུག་སྒྲིལ་བ་ལྟ་བུ་ཆགས་རྒྱུ་ཡིན་ལུགས། བོད་མིའི་སྒྲིག་འཛུགས་ནང་སྲིད་ལྷན་ཁང་གི་དྲུང་འཕར་ཀརྨ་ཆོས་དབྱིངས་ལགས་ཀྱིས་བོད་ཀྱི་དུས་བབས་ལ་གནས་ཚུལ་གསལ་སྟོན་གནང་འདུག  ཡང་ཁོང་གིས་བོད་མི་ ༡༠༠༠ འདེམ་སྒྲུག་གནང་བའི་ནང་ནས་མི་གྲངས་ ༢༥ ལ་ ལས་གཞི་ཐོག་མར་འགོ་བཙུགས་སྐབས་ནས་དཀའ་རྙོག་བྱུང་ཡོད་པ་རེད། གང་ཡིན་ཞུས་ན་བོད་མི་དེ་དག་སྤྱིར་ཨ་རུ་ན་ཅལ་གཞིས་ཆགས་ཀྱི་མི་ཁོངས་ཡིན་ཡང་ལས་ཀ་དང་སློབ་གྲྭའི་ཆེད་རྒྱ་གར་གྱི་ས་གནས་གཞན་དུ་ཕེབས་པ་དང་། RC སྐྱབས་བཅོལ་ལག་དེབ་ཀྱང་ས་གནས་གཞན་ནས་བཟོས་པའི་གནད་དོན་ལ་ཐུགས་ཀྱི་འདུག ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱིངས་ལགས་ཀྱིས་གསུངས་ན། ཁེ་ན་ཌའི་གཞུང་ཚབ་དང་གཞིས་སྤོས་ལས་གཞིའི་འབྲེལ་ཡོད་ཚོས། ས་གནས་གཞན་ནས་བཟོས་པའི་སྐྱབས་བཅོལ་ལག་དེབ་ལ་ངོས་ལེན་གནང་མེད་པ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་དེ་ལྟར་སྐྱབས་བཅོལ་ལག་དེབ་ལ་ངོས་ལེན་ཡོང་བའི་འབད་བརྩོན་མུ་མཐུད་བྱེད་བཞིན་ཡོད་ཀྱང་། ཁེ་ན་ཌ་གཞུང་གིས་ དང་པོ་ནས་ངོས་ལེན་གནང་མེད་དུས་རྗེས་སུའང་ངོས་ལེན་ཐོབ་རྒྱུ་ཁག་པོ་ཡིན་པ་གསུངས་ཞིང་། ད་ཆ་བོད་མི་གྲངས་༢༥་ཡོད་པ་དེ་རྣམས་ ཁེ་ན་ཌ་གཞུང་གིས་མུ་མཐུད་ངོས་ལེན་མ་གནང་བ་ཡིན་ན། ས་མིག་ཁ་སྐོང་བྱེད་རྒྱུར་གཙོ་བོ་ཀེ་ན་ཌ་གཞུང་ལ་ར་ལུས་ཡོད་སྟབས་ རིམ་བཞིན་ལས་གཞི་དེ་མཇུག་སྒྲིལ་གནང་རྒྱུ་ཡིན་པ་རེད་ཅེས་སོགས་བོད་ཀྱི་དུས་བབས་ཀྱི་གསར་འགོད་པར་གསལ་སྟོན་གནང་འདུག།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎