བོད་མིར་ས་ཁང་གི་ཐོབ་ཐང་ཇི་བཞིན་སྤྲོད་ཀྱི་མེད་པ།

སྐྱེ་རྒུ་མདོར་རྒྱ་ནག་གཞུང་གིས་འཛུགས་སྐྲུན་སླར་གསོ་བྱེད་བཞིན་ཡོད་ཀྱང་བོད་མི་ཚོའི་ས་ཁང་གི་ཐོབ་ཐང་སྤྲོད་ཀྱི་མེད་པའི་དཀའ་ངལ།

2012.04.27

༄༅༎༢༠༡༠ ལོའི་ཕྱི་ཟླ་བཞི་པའི་ཚེས་༡༤ཉིན་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་ཚབས་བྱུང་སྟེ། ད་བར་ལོ་གཉིས་ལྷག་ཙམ་འགྲོ་གི་ཡོད་ཀྱང་ས་ཡོམ་གྱི་གནོད་འཚེའི་ནང་བོད་མིའི་ས་ཁང་གཏོར་སྐྱོན་བྱུང་བར་རྒྱ་ནག་གཞུང་གིས་འཛུགས་སྐྲུན་སླར་གསོ་བྱེད་བཞིན་ཡོད་ཀྱང་བོད་མི་ཚོའི་ས་ཁང་གི་ཐོབ་ཐང་སྤྲོད་ཀྱི་མེད་པའི་དཀའ་ངལ་ཆེན་པོར་ལྷུངས་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་ནས། ས་ཡོམ་གྱི་གནོད་འཚེའི་ནང་གོད་ཆག་ཕོག་པའི་མི་གྲངས་༦༠༠ ཙམ་འཛུགས་སྐྲུན་བྱས་པའི་ནང་གནས་སྤོ་བྱས་ཟིན་པའི་ནང་ནས་མང་ཆེ་བ་ནི། བོད་མི་ཡིན་པ་བཤད་ཡོད་ཀྱང་དོན་དངོས་ཐོག་ནས་བྱས་ན། བོད་མིར་བདག་པའི་ས་ཆ་ལེགས་པ་དང་ལྟེ་གནས་རྣམས་ནི་རྒྱ་མིས་འཛུགས་སྐྲུན་བྱས་ཏེ། ཡུལ་སྐོར་སྤྲོ་འཆམ་པ་འགྲོ་ཡུལ་ལྟེ་གནས་ཤིག་ཏུ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། ད་ཆ་སྐྱེ་རྒུ་མདོའི་ས་ཁང་གི་གནད་དོན་དེ་ཡང་རྒྱ་ནག་ནང་དུ་ཐོན་བཞིན་པའི་ཁྲིམས་འགལ་ཅན་གྱི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཡིན་ཞིང༌། རྒྱ་ནག་གཞུང་གིས་མི་དམངས་ཀྱི་ས་ཁང་བཙན་འཕྲོག་བྱེད་པའི་ཁར་གྲངས་ཉུང་མི་རིགས་ཐོག་ལ་འཛིན་པའི་ནོར་འཁྲུལ་གྱི་སྲིད་ཇུས་དེ་ཡིས་ས་གནས་དེའི་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་རྒྱུ་མ་ཟད། སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཉེན་ཁ་བཟོ་གཞི་ཞིག་ཏུ་གྱུར་ཡོད་པ་རེད།
དེ་ཡང་སྐྱེ་རྒུ་མདོའི་ཁུལ་དུ་གནས་སྡོད་བྱེད་མཁན་ལོ་༤༡ ཡིན་པའི་བོད་མི་ཞིག་གིས་རོའུ་ཀྲར་གསར་འགོད་པར་འགྲེལ་བརྗོད་བྱས་དོན། ས་ཁུལ་དེའི་ནང་དུ་བོད་མིའི་ས་ཁང་བཙན་འཕྲོག་བྱས་ཏེ་དཔོན་རིགས་ཀྱི་ཁང་པ་ཟུར་འཇོག་བདག་ཉར་བྱས་པ་མཐོང་རྒྱུ་ཡོད་པ་དང༌། ཁང་པ་སྤྲོད་ཕྱོགས་ཐོག་ལ་རྒྱ་ནག་གཞུང་གིས་དཔོན་རིགས་དང་མི་སེར་ལ་མི་འདྲ་བའི་སྲིད་ཇུས་ཁག་གཉིས་ལག་བསྟར་བྱེད་ཀྱི་ཡོད་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་ཡོད་པ་དང༌། ད་དུང་མི་དམངས་སྟོང་ཕྲག་མང་པོ་འཕྲལ་སེལ་སྡོད་གུར་ནང་དུ་སྡོད་ཀྱི་ཡོད་པ་དང། ཁོང་ཚོར་གློག་དང་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་པ་ལྟར་།ཁོང་ཡང་རང་ཉིད་ཀྱི་ཁང་པ་ཆ་ཚང་བ་ལེགས་གྲུབ་མ་ཟིན་པར་བརྟེན་ནས་ཉེ་འཁྲིས་ཀྱི་སྡོད་གུར་ནང་བསྡད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎