བཀའ་ཁྲི་ནས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་འདུ་གཙོ་སྐྱོང་།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་གཙོ་སྐྱོང་དེ་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་གནང་རྒྱུ་ཡིན་འདུག

2009.02.07

༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཉིན་གྲངས་གསུམ་རིང་ཚུགས་རྒྱུའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་གཙོ་སྐྱོང་དེ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་གནང་རྒྱུ་ཡིན་པ་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག

བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་འདི་ནི་ཕྱི་ལོ་༡༩༩༩ལོར་དབུ་བཙུགས་གནང་པ་ཞིག་ཡིན་པ་དང་རིང་མིན་ལྡི་ལིར་ཚུགས་རྒྱུ་འདི་ཚོགས་འདུ་ཐེངས་ཅོ་བཅོ་བརྒྱད་པ་དེ་ཡིན་ཞིང་ཚོགས་ཆུང་འདིའི་ལས་དོན་གཙོ་བོ་ནི་རྒྱ་ནག་གཞུང་དང་འབྲེལ་མོལ་གནང་མཁན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པར་ཞོག་འདེགས་ཞུ་རྒྱུ་དེ་ཡིན་འདུག

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཕྱི་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་དབུ་འཛུགས་གནང་རྒྱུ་ཡིན་འདུག འདི་སྔོན་གྱི་ཚོགས་འདུ་མཐའ་མ་དེ་བཞུགས་སྒར་རྡ་རམ་ས་ལར་ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་གཉིས་ནས་ཉི་ཤུ་བཞི་བར་ཚུགས་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་བསྐོང་ཚོགས་གནང་རྒྱུ་ཡིན་སྐོར་ལས་ཞིབ་ཕྲ་གང་ཡང་གསལ་བཤད་གནང་མེད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་དང་རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་དབར་གྱི་མཇལ་མོལ་མཐའ་མ་དེ་སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་གནང་པ་དང་སྐབས་དེར་བོད་པའི་སྐུ་ཚབ་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འབྱུང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་མཁོ་སྤྲོད་གནང་ཞིང་རྒྱ་ནག་གཞུང་གིས་ཡིག་ཆའི་ནང་དོན་ལ་རང་བཙན་གྱི་དམིགས་ཡུལ་ལྡན་ལུགས་བཤད་སྟེ་ཡིག་ཆ་དེར་བདག་སྤྲོད་བྱས་མེད་པ་རེད། དེ་ནས་བཟུང་ད་བར་ཕྱོགས་གཉིས་ཀྱི་འབྲེལ་ལམ་བར་མཚམས་ཆད་པ་ལྟ་བུའི་ཐོག་གནས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎